སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པ་མདོ་སྨད་ཡུལ་དུ་བསྐྱོད་པ།༡
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-4-21 10:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པའི་དྲིལ་སྒྲོག་པར་རིས།


ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པས་དཔའ་ལུང་གངས་ལྗོངས་
དགའ་ཡ་བོད་ཀྱི་གྱོན་ཆས་སྤྱི་གཉེར་ཁང་དུ་ལྟ་སྐོར་བྱེད་པ།

ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པ
ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པས་རེབ་གོང་ལྕང་སྐྱའི་བོད་ལྷམ་བཟོ་གྲྭ་རུ་ལྟ་སྐོར་བྱེད་པ།


ཚོ་ཤོག་གསར་པའི་བོད་ཀྱི་ན་གཞོན་ཚོང་ལས་དཔུང་སྡེ།

     སྤྱི་ཟླ4བའི་ཚེས20ཉིན་གྱི་སྔ་དྲོར། ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པ་མདོ་སྨད་ཡུལ་དུ་བསྐྱོད་པའི་ལམ་གྱི་ལེའུ་དེ་ཟི་ལིང་གི་མཁས་པ་མི་གསུམ་ལྷ་ཁང་གི་སྨོན་འདུན་གྱི་བསང་དུད་ཁྲོད་ནས་ཐེངས་འདིའི་ཚིགས་མལ་དང་པོ་སྟེ་དཔའ་ལུང་གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་སྤྱི་གཉེར་ཁང་གི་ཕྱོགས་སུ་ཆས་མགོ་བརྩམས།
     མི50ཡས་མས་ཀྱིས་གྲུབ་པའི་ཐེངས་འདིའི་ལྟ་སྐོར་ཚོགས་པའི་ཚོགས་མི་དག་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་དང་བོད་ལྗོངས་སོགས་མདོ་དབུས་ཁམས་གསུམ་ནས་ཡོང་བའི་ཁེ་ལས་དོན་གཉེར་མཁན་ཤ་སྟག་ཡིན་པས། ཚང་མ་ཁེ་ལས་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་ཀྱི་འདུན་པ་ཟབ་མོས་ཡིད་སེམས་རབ་ཏུ་བརྟས་ནས་འདུག
     ལམ་བར་ནས་དགའ་བའི་གཏམ་དང་སྐྱིད་པའི་གླུ་ལ་རོལ་བཞིན་དུས་ཚོད་གཉིས་ལྷག་གི་འགྲུལ་བཞུད་བརྒྱུད་མཐར་གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་སྤྱི་གཉེར་ཁང་དུ་བདེ་ལེགས་ངང་འབྱོར་ཞིང་། གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་པ་ཨ་ཁུ་ཤེས་རབ་རྒྱ་མཚོའི་སྣེ་ཁྲིད་འོག་བཟོ་གྲྭ་ཧྲིལ་པོར་ལྟ་སྐོར་ལེགས་པར་བྱས་རྗེས་བོད་ཀྱི་གྱོན་ཆས་བརྗོད་གཞིར་བྱས་པའི་བགྲོ་གླེང་ཚོགས།
     དགའ་ཡའི་འགན་འཛིན་པ་ཨ་ཁུ་ཤེས་རབ་རྒྱ་མཚོས་དགའ་ཡའི་བྱུང་བབ་དང་གནས་བབ་སོགས་མཚམས་སྦྱོར་དང་འབྲེལ་ཏེ། ཀུན་གྱིས་བོད་ཀྱི་གྱོན་ཆས་ཀྱི་མ་འོངས་འཕེལ་ཕྱོགས་ཐད་ལ་བསམ་ཚུལ་སྣ་མང་བཏོན་ཏེ་བགྲོ་གླེང་འཁྲུག་ཆ་དོད་པོ་བྱུང་།
     དེར་མཐུད་ནས་ཐེངས་འདིའི་ཚིགས་མལ་གཉིས་པ་སྟེ་རེབ་གོང་སེང་གེ་གཤོང་གི་རེབ་གོང་སྒྱུ་རྩལ་གླིང་གི་ཕྱོགས་སུ་ཤར་བསྐྱོད་བྱས། དེར་འབྱོར་རྗེས་འབྲེལ་ཡོད་འགན་འཛིན་པའི་སྣེ་ཁྲིད་འོག་རེབ་གོང་ཐང་གའི་སྒྱུ་རྩལ་གྱི་ཐོན་ལས་རང་བཞིན་སྐོར་ནས་ཁ་བརྡ་གང་འཚམ་བྱས།
     དེ་ནས་ཐེངས་འདིའི་ཚིགས་མལ་གསུམ་པ་སྟེ་རེབ་གོང་ལྕང་སྐྱའི་བོད་ལྷམ་བཟོ་གྲྭ་རུ་སོང་ནས་བོད་ཀྱི་སྲོལ་རྒྱུན་ལྷམ་འདེབས་ལག་རྩལ་ལས་ཐོན་པའི་བོད་ལྷམ་གྱི་བཟོ་རིམ་དང་བཟོ་རྩལ་སོགས་ཀྱི་ཐད་ནས་རྒྱུས་ལོན་གང་འཚམ་བྱས་རྗེས། རྨུ་ཐག་དཔེ་ཀློག་ཁང་ནས་བགྲོ་གླེང་གི་བྱེད་སྒོ་ཉུང་བསྡུས་ཤིག་སྤེལ་ཞིང་། རྨུ་ཐག་གི་འགན་འཛིན་པ་དོན་གྲུབ་རྒྱལ་གྱིས་རྨུ་ཐག་ཕོ་བྲང་གི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ལྕང་སྐྱའི་བོད་ལྷམ་བཟོ་གྲྭའི་འགན་འཛིན་པ་པད་མ་རིག་འཛིན་གྱིས་བོད་ལྷམ་ཚོང་ར་ཅན་དུ་ཇི་ལྟར་གཏོང་ཐབས་སྐོར་ནས་ཁ་བརྡ་གློད་ཅིང་། རེབ་གོང་ཁེ་ལས་པ་ཚེ་ལོ་རྒྱལ་གྱིས་རང་སའི་ཐོན་ཁུངས་བདག་གཉེར་སྐོར་ནས་ཁ་བརྡ་བག་ལྷོད་པ་བྱས་ཤིང་། དེར་འབྲེལ་གྱི་བགྲོ་གླེང་ཡང་འཁྲུག་ཆ་དོད་པོ་བྱུང་བ་དང་བསྟུན། ཐེངས་འདིའི་ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པའི་ཉིན་དང་པོའི་ལས་རིམ་བདེ་བླག་ངང་མཇུག་རྫོགས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...