སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལམ་གྱི་ལེའུ་སྟེ། ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པ་མདོ་སྨད་ཡུལ་དུ་བསྐྱོད་པ།༢
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-4-22 11:39:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ལམ་གྱི་ལེའུ་སྟེ་ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པ་མདོ་སྨད་ཡུལ་དུ་བསྐྱོད་པའི་ཁག་གཉིས་པ།


ཚོ་ཤོག་གསར་པའི་ཁེ་ལས་ལྟ་སྐོར་ཚོགས་པས་གཙོས་གངས་ནོར་ཟས་རིགས་གཡོས་སྦྱོར་
ལས་རིགས་ལག་རྩལ་སློབ་གྲྭ་རུ་ལྟ་སྐོར་བྱེད་པ།

     སྤྱི་ཟླ4བའི་ཚེས21ཉིན་གྱི་ཞོགས་པའི་དུས་ཚོད8:00ཀྱི་སྟེང་། ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པ་རེབ་གོང་ནས་ཆས་ཏེ་ཀན་ལྷོའི་ཕྱོགས་སུ་བསྐྱོད་པའི་སྟ་གོན་བྱས། དུས་ཚོད་བཞི་ལྷག་གི་འགྲུལ་བཞུད་བརྒྱུད་མཐར་ཐེངས་འདིའི་ཚིགས་མལ་བཞི་བ་སྟེ་གཙོས་གངས་ནོར་ཟས་རིགས་གཡོས་སྦྱོར་ལས་རིགས་ལག་རྩལ་སློབ་གྲྭ་རུ་འབྱོར།


ཡུལ་དངོས་ཀྱི་རྣམ་པ།


ནོར་ལྷའི་གྱོན་ཆས།

     གངས་ནོར་ཟས་རིགས་གཡོས་སྦྱོར་སློབ་གྲྭའི་འབྲེལ་ཡོད་འགན་འཛིན་པའི་སྣེ་ཁྲིད་འོག  སློབ་གྲྭ་དང་གངས་ནོར་ཟས་མཆོག་བཞེས་སྤྲོ་གླིང་གི་བོད་ཟས་ཁང་སོགས་ལ་ལྟ་སྐོར་བྱས་ཤིང་། དེར་མཐུད་ནས་བོད་ཀྱི་ཟ་མ་དང་བཏུང་བ་ཐོན་ལས་ཅན་དུ་ཇི་ལྟར་གཏོང་ཐབས་སྐོར་ནས་བགྲོ་གླེང་ཚོགས། ལྷག་པར་དུ་གངས་ནོར་གྱི་འབྲེལ་ཡོད་མི་སྣས་བོད་ཀྱི་རྩི་ཤིང་མེ་ཏོག་སྐོར་གྱི་བཏུང་ཇ་མང་པོ་ཡུལ་དངོས་ནས་མཚམས་སྦྱར་བ་དང་དེར་འབྲེལ་གྱི་བགྲོ་གླེང་གང་འཚམ་བྱས་པ་མ་ཟད། བོད་ཀྱི་བཟའ་བཏུང་གི་མ་འོངས་མདུན་ལམ་ཐད་ནས་དྲི་བ་དྲིས་ལན་གྱི་ཁ་བརྡ་ཕུན་སུམ་ཚོགས་པ་བྱས།
     དེར་མཐུད་ནས་ཚོ་ཤོག་གསར་པའི་བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པའི་ཐེངས་འདིའི་ཚིགས་མལ་ལྔ་བ་སྟེ་གཙོས་མཛོད་དགེའི་ནོར་ལྷ་ཚང་དུ་བསྐྱོད་པའི་ལམ་དུ་ཞུགས།


ལབ་གླེང་བྱེད་བཞིན་པ།


ནོར་ལྷའི་གྱོན་ཆས།


ནོར་ལྷའི་འགན་འཛིན་པ་བདེ་ཆེན་ལྷ་མོས་ལབ་གླེང་བྱེད་པ།

     མཛོད་དགེའི་རུ་སྟོད་མར་ཡོད་པའི་ནོར་ལྷ་ཚང་དུ་འབྱོར་རྗེས། འབྲེལ་ཡོད་འགན་འཛིན་པས་ནོར་ཁུལ་ཐོན་སྐྱེད་ཀྱི་ལས་རིམ་སོ་སོ་ངོ་སྤྲོད་གང་ལེགས་བྱས་པ་མ་ཟད། བོད་པའི་ནོར་ཁུལ་འདི་ཉིད་ཐོན་ལས་ཅན་དུ་བཏང་བའི་སྦྱོར་བ་འདིས་ཀུན་གྱི་ཡིད་སེམས་རབ་ཏུ་དྲངས་ཤིང་བསམ་གཞིགས་ཀྱི་སྒོ་འཕར་ཡང་ངང་གིས་ཕྱེ། དེ་ནས་བོད་ཀྱི་རང་སའི་མ་བཅོས་རྒྱུ་ཆ་ཐོན་ལས་ཅན་དུ་གཏོང་བ་དང་ཁྲོམ་ར་ཅན་དུ་གཏོང་ཐབས་སྐོར་གྱི་བགྲོ་གླེང་ཚོགས་ཤིང་། ནོར་ལྷའི་འགན་འཛིན་པ་བདེ་ཆེན་ལྷ་མོས་མདོ་དབུས་མཐོ་སྒང་གི་རྩ་ཆེའི་ཐོན་ཁུངས་ཀྱིས་བོད་པ་མང་ཚོགས་ལ་ངེས་པར་མཐུན་རྐྱེན་བསྐྲུན་དགོས་པའི་སྤྱི་ཚོགས་ཁེ་ལས་ཀྱི་འགན་འཁྲི་དང་ནུས་པའི་སྐོར་ནས་ལབ་གླེང་གང་ལེགས་བྱས་ཤིང་། དེར་འབྲེལ་གྱི་བགྲོ་གླེང་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་།
     དེ་ནས་མུ་མཐུད་སི་ཁྲོན་ཕྱོགས་སུ་བསྐྱོད་དེ་མཚན་མོའི་དུས་ཚོད་བཅུ་བར་སྟག་ཚང་ལྷ་མོར་འབྱོར་བ་དང་བསྟུན་ཉིན་གཉིས་པའི་ལས་རིམ་བདེ་བླག་ངང་རྫོགས་སོ། །

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...