སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་གྱི་གཞུང་ལམ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་བདུན་དང་སྟོང་བརྒྱད་ལྔ་བརྒྱ་དོན་དགུ་ལ་སླེབས།
རྩོམ་པ་པོ། རྡོ་རྗེ་འཚོ། རྩོམ་སྒྲིག་པ། Michung དུས་ཚོད། 2017-3-20 10:31:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས།

        མཚོ་བོད་མཐོ་སྒང་དུ་གནས་པའི་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་གྱིས། ཞིང་ཆེན་ཡོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བརྒྱ་ཆའི་གྱ་ལྔ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་བརྒྱ་ཆའི་དོན་ལྔའི་ཁག་འགན་ཁུར་ཡོད་པ་རེད། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར་དུ། འགྲིམ་འགྲུལ་འགན་ཁུར་བའི་སྣེ་ཁྲིད་འོག་མཚོ་སྔོན་གྱི་གཞུང་ལམ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་བདུན་དང་སྟོང་བརྒྱད་ལྔ་བརྒྱ་དོན་དགུ་ལ་སླེབས་ནས། མྱུར་བགྲོད་གཞུང་ལམ་སྣེ་འཁྲིད་མཁན་དུ་གྱུར་ཞིང་། རིམ་པ་གཉིས་པའི་གཞུང་ལམ་དང་རིམ་པ་གསུམ་པའི་གཞུང་ལམ་རྣམ་པ་རིམ་གྱིས་གྲུབ་པར་མ་ཟད། ཞིང་སྡེའི་གཞུང་ལམ་གྱིས་རོང་འབྲོག་ཁུལ་ས་ཆར་ཁྱབ་པའི་གཞུང་ལམ་དྲ་རྒྱ་གཞི་ནས་གྲུབ་པ་རེད། དེས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཡོངས་ཀྱི་འགྲོ་འོང་ཐད་ལ་ཕན་བདེ་བླ་མེད་བསྐྲུན།

  

གུང་ཧོ་ནས་ཡུའུ་ཧྲུའུ་བར་གྱི་གཞུང་ལམ།

          ནུབ་རྒྱུད་གསར་སྤེལ་བྱེད་པའི་འགྲོས་དང་བསྟུན་ནས་འགྲིམ་འགྲུལ་འཛུགས་སྐྲུན་བྱ་བ་སྔོན་དུ་བསྐྱོད་དགོས། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག ཉིས་སྟོང་བཅུ་གཅིག་ནས་ཉིས་སྟོང་བཅུ་དྲུག་བར་གྱི་ལོ་དྲུག་གི་རིང་ལ། མཚོ་སྔོན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ལ་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་ཐེར་འབུམ་དགུ་དུང་ཕྱུར་བདུན་བཏང་ཡོད་ལ། ཨར་ལས་འཛུགས་སྐྲུན་བྱེད་ཀྱིན་པའི་གཞུང་ལམ་ལས་གཞི་མང་པོ་ཞིག་ལེགས་འགྲུབ་བྱུང་ནས་དངོས་སུ་རླངས་འཁོར་ཤར་གཏོང་བྱས། ལྷག་པར་དུ། གུང་ཧོ་ནས་ཡུའུ་ཧྲུའུ་བར་གྱི་གཞུང་ལམ་ནི། ཆ་སྙོམས་མཚོ་ངོས་ལས་སྨི་སྟོང་བཞི་དང་བརྒྱའི་ཡན་ལ་སླེབས་པ་དང་། མཚོ་བོད་མཐོ་སྒང་གི་ཆེས་འཁྱགས་སའི་ཡུལ་གྲུ་བརྒལ་ནས། ས་བབ་ཆེས་མཐོ་ཞིང་གྲང་ངར་ཆེས་ཆེ་བའི་མྱུར་བགྲོད་གཞུང་ལམ་དང་པོ་དེ་དངོས་སུ་འགྲུབ་ནས་ཐང་བོད་གནའ་ལམ་སྟེང་དུ་རྣམ་པ་གསར་བ་བསྐྲུན།

        ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར་དུ། མཚོ་སྔོན་གྱི་གཞུང་ལམ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་བདུན་དང་སྟོང་བརྒྱད་ལྔ་བརྒྱ་དོན་དགུ་ལ་སླེབས་ཤིང་། དེའི་ཁྲོད་དུ། མྱུར་བགྲོད་གཞུང་ལམ་དང་རིམ་པ་དང་པོའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་སྟོང་གསུམ་ལྔ་བརྒྱ་ལ་སླེབས་ཡོད་ཤིང་། ཟི་ལིང་ལྟེ་གནས་སུ་བཟུང་ནས་གྲོང་ཁྱེར་དང་ཁུལ་བདུན་གྱི་མྱུར་བགྲོད་གཞུང་ལམ་གཙོ་བོ་དང་སྦྲེལ་ནས། མྱུར་བགྲོད་གཞུང་ལམ་དྲ་རྒྱས་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཉེར་བདུན་ལ་ཁྱབ་ཡོད་པ་རེད། རིམ་པ་གཉིས་པའི་གཞུང་ལམ་དང་དེའི་ཡན་གྱི་བསྡུར་ཚད་བརྒྱ་ཆའི་ང་བརྒྱད་ལ་སླེབས། ཐག་ཉེ་བའི་གྲོང་ཁྱེར་དང་ཁུལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་ཕན་ཚུན་སྦྲེལ་ནས། རྫོང་དུའང་རིམ་པའི་གཉིས་པའི་གཞུང་ལམ་ཤར་གཏོང་བྱས། ཀན་སུའུ་དང་སི་ཁྲོན། བོད་ལྗོངས། ཞིན་ཅང་བཅས་ཉེ་འདབས་སུ་ཡོད་པའི་ཞིང་ཆེན་དག་གི་བར་ལ་ལམ་ཆེན་ཞེ་བཞི་ཤར་གཏོང་བྱས་ནས། ས་ཁོངས་བར་གྱི་དཔལ་འབྱོར་དང་ཉོ་ཚོང་འབྲེལ་འདྲིས་ལ་འགྲིམ་འགྲུལ་གྱི་སྟབས་བདེ་བསྐྲུན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...