སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མེ་ཏོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་མང་ཚོགས་ཀྱི་ཡོང་སྒོ་མཐོ་རུ་གཏོང་བར་སྐུལ་འདེད་བྱས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-27 16:10:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
           གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྤྱི་ཟླ4བའི་ཚེས25ཉིན། གསར་འགོད་པ་ལས་བཟོ་བ་དང་མཉམ་དུ་དཔལ་ཁ་གྲོང་རྡལ་ལ་ཕྱིན་ནས་མེ་ཏོག་སྐྱེ་ཁམས་ཕྱུག་ལས་མ་རྐང་རང་བཞིན་གྱི་ཆེད་གཉེར་མཉམ་ལས་ཁང་ལ་སོང་། མེ་ཏོག་སྐྱེ་ཁམས་ཕྱུག་ལས་མ་རྐང་རང་བཞིན་གྱི་ཆེད་གཉེར་མཉམ་ལས་ཁང་ནི་དཔལ་ཁ་གྲོང་རྡལ་ལ་སྤྱི་ལེ10ཙམ་ལས་མ་ཐོན་པའི་དཔལ་ཁ་ཧྲོང་པོ་སྡེ་བའི་བྱང་ཕྱོགས་སུ་ཡོད་ལ། དེ་ནི2016ལོར་བཙུགས་པ་དང་གཙོ་བོ་ནོར་ལུག་གི་རྒྱུད་སྤེལ་ཏེ་ཐོན་ལས་འོ་མ་སོགས་ཕྱིར་འཚོང་བྱེད་བཞིན་ཡོད
         ན་ནིང་འབྲོག་པ་མང་ཚོགས་ཀྱིས་ཕྱུགཀྱི་འཕེལ་གྲངས་རྐྱང་རྐྱང་ལ་བལྟས་བས་རྒྱུ་སྤུས་དང་སྐྱེ་ཁམས་ཐད་གདེང་འཇོག་མ་བྱས་པའི་རེ་ཞིག་རྩྭ་སར་གནོད་སྐྱོན་ཐེབས་པ་དང་ཡོང་སྒོ་དམའ་རུ་གྱུར། ཡིན་ཡང་རྐྱེན་དེ་ལ་དམིགས་ནས་མཉམ་ལས་ཁང་གི་ལས་དཔོན་ཆི་ཧྲི་པཱ་ཡིས་སྡེ་མི་རྣམས་གཅིག་ཏུ་བསྡུས་ནས་གནད་དོན་ལ་འདྲི་རྟོག་དང་བསམ་འཆར་བསྡུ་ལེན་བྱས་ཏེ་མཇུག་མཐར་རོང་འབྲོག་ཁྱིམ་ཚང127མ་རྐང་དུ་ཞུགས།
          མཉམ་ལས་ཁང་བཙུགས་པའི་རྗེས་སུ་དཔལ་ཁ་ཧྲོང་པོ་སྡེ་བས་དོན་དངོས་གནས་བབས་དང་བསྟུན་ནས་རྩ་འཛུགས་བྱས་ཏེ་ཐོན་སྐྱེད་དོ་དམ་བྱེད་སྐབས་རང་རང་གི་གནས་བབས་ལྟར་ཐེམ་དུད་རེ་རེ་དང་རྩྭ་ར་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁྱད་ལྡན་འབྲོག་ཁྱིམ6བཙུགས་ཏེ་ཚོང་ལས་བདག་གཉེར་བྱས།
        ཆི་ཧྲི་པཱ་ཡིས་གསར་འགོད་པ་བཤད་རྒྱུ། རོང་འབྲོག་མང་ཚོགས་ཀྱི་འཚོ་བར་འཕེལ་རྒྱས་བྱུང་བ་དང་སྐྱེ་ཁམས་ཐད་ལའང་སྲུང་སྐྱོང་བྱེད་ཐུབ་སོང་ཟེར། དེ་མིན་ད་དུང་ངལ་རྩོལ་ལས་ཞུགས་དག་གི་ལས་ཀ་ཇེ་ཡངས་དུ་སོང་བར་མ་ཟད་ཡོང་སྒོའང་ཇེ་མང་དུ་སོང་ཡོད་ཟེར། ཡང་མཉམ་ལས་ཁང་གི་ལས་མི་བཀྲ་ཤིས་ཀྱིས་བཤད་རྒྱུར་ལོ་འདི་འགའི་རིང་ལ་དར་མཚོ་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཐད་ཤུགས་བསྣན་ཏེ་ཐོན་སྐྱེད་མཐོར་འདེགས་གཏོང་བ་ཚད་ཇེ་མཐོར་བཏང་བ་དང་ཧུར་བརྩོན་བྱས་ཏེ་མི་རིགས་རང་གི་མིང་རྟགས་ཅན་གསར་སྐྲུན་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་མཐོ་རུ་གཏོང་བར་སྐུལ་འདེད་བྱས་ཟེར

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...