སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་སྤྱིའི་བཟོ་ཚོགས་ཀྱིས་གསེར་གཞུང་སྔོ་ཚོད་ཚོང་ཁང་ལ་ལས་ལམ་གསར་བཏོད་ཀྱི་རོགས་སྐྱོར་བྱས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-2 17:48:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
         གསར་འགོད་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ4པའི་ཚེས26ཉིན་གྱི་སྐྱ་རེངས་ཐོག་མ་གྲགས་དུས། མང་རྫོང་བཞི་མདོའི་བཅིངས་འགྲོལ་ལམ་བྱང་སྣེ་ཡི་གསེར་གཞུང་སྔོ་ཚོད་ཚོང་ཁང་གི་སྒོ་མདུན་དུ་མི་ཚོགས་ཀྱི་འདུ་ལོང་རྒོད་ཅིང་དགའ་སྤྲོའི་རྣམ་པས་ཁེངས་པའི་ཤོག་སྦག་གྲལ་འགྲིག་པོར་བསྟར་ཡོད། ཚོང་བདག་བསོད་ནམས་མཚོ་བཟའ་ཟླ་གཉིས་ཀྱི་གདོང་ལ་བཅོས་མིན་གྱི་འཛུམ་གྱིས་ཁེངས་འདུག གསེར་གཞུང་སྔོ་ཚོད་ཚོང་ཁང་ནི་རྫོང་སྤྱིའི་བཟོ་ཚོགས་ཀྱིས་དཀའ་ཁག་ཡོད་པའི་ལས་བཟོ་བར་ལས་གཏོད་ལས་ཞུགས་རྣམ་གྲངས་ཀྱི་རོགས་སྐྱོར་བྱས་པའི་ཚོང་ཁང་ཐོག་མ་དེ་ཡིན།
       བསོད་ནམས་མཚོའི་ཁྱིམ་ཚང་ནི་ལས་ཤོར་ཁྱིམ་ཚང་ཞིག་ཡིན། 2013ལོ་ནས་བཟུང་སྤྱིའི་བཟོ་ཚོགས་ཀྱི་དཀའ་ཁག་རོགས་སྐྱོར་བྱེད་ཡུལ་ཡིན་པ་དང་། 2015ལོ་ནས་ལས་ལམ་གསར་བཏོད་ཀྱི་ལམ་ལ་ཞུགས་ནའང་མ་རྩ་མི་འདང་འི་གནས་ཚུལ་སོགས་ཀྱིས་ལས་ལམ་གསར་བཏོད་ཀྱི་ཕུགས་འདུན་དེ་མངོན་འགྱུར་བྱེད་མ་ཐུབ། 2016ལོའི་ལོ་མཇུག་ཏུ་རྫོང་སྤྱིའི་བཟོ་ཚོགས་དཀའ་ཁག་ཡོད་པའི་ལས་བཟོ་བ་དང་ལས་གནས་ལས་བུད་པ། ལས་ཤོར་མི་སྣ་བཅས་ལ་འཚམས་འདྲིར་ཕྱིན་དུས། ཁོ་ཚོའི་གནས་ཚུལ་རྒྱུས་ལོན་བྱུང་བ་མ་ཟད་ཡུལ་དངོས་བརྟག་དཔྱད་ཞིབ་འཇུག་བྱས་རྗེས་ལས་གཏོད་ལས་ཞུགས་རྣམ་གྲངས་སྒོརཁྲི1གིས་རོགས་སྐྱོར་གནང་།
       ཉེ་བའི་ལོ་འགའི་རིང་ལ། སྤྱིའི་བཟོ་ཚོགས་ཀྱིས་༼གནད་འཁེལ་རོགས་སྐྱོར༽  གྱི་ལམ་དུ་འདུ་ཤེས་གསར་བ་དང་ཐབས་ཤེས་གསར་གཏོད་བྱས་ནས་རིམ་གྱིས་རོགས་སྐྱོར་གྱི་རྣམ་པ་བཅོས་བསྒྱུར་བྱས་པ་སྟེ། འབོར་ཆུང་སྐྱི་དངུལ་གཏོང་བ་དང་ཐོན་སྐྱེད་དངོས་ཟོག་འདོན་པ། མ་རྐང་དུ་ཞུགས་པར་མ་དངུལ་མཁོ་འདོན་བཅས་ཀྱི་རྣམ་པ་བརྒྱུད་ནས་དཀའ་ཁག་ཡོད་པའི་ལས་བཟོ་བ་ལ་མགྱོགས་མྱུར་ངང་དཀའ་ངལ་ལས་སེལ་བར་རོགས་སྐྱོར་གང་ལེགས་བྱས་པ་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...