སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་གིས་སྐྱེ་ལྡན་ཐོན་རྫས་པེ་ཅིན་ནས་འགྲེམས་ཚོང་བྱས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-13 15:12:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མང་རྫོང་གིསརྒྱལ་ཁབ་སྐྱེ་ལྡན་ཐོན་རྫས་དཔང་ལེན་དཔེ་སྟོན་རྫོང་མཁར་འཛུགས་སྐྲུནགྱི་ཆོག་མཆན་བླངས་པ་ནས་བཟུང་། སྤུས་ལེགས་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་སྲིད་གཞུང་གི་སྣེ་ཁྲིད་དང་ལས་རིགས་སྡེ་ཁག་སོ་སོའི་རམ་འདེགས་འོག སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་བཏང་།
     ད་སྔར་རྫོང་ཡོངས་ནས་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཁེ་ལས་དང་མཉམ་ལས་ཁང9ཡོད། སྐྱེ་ལྡན་རྩྭ་ས་མུའུ་ཁྲི100དང་ཞིང་ས་མུའུ་ཁྲི14.04ཡོད། སྐྱེ་ལྡན་སྒོ་ཕྱུགས་ཁྲི100ལྷག་དང་སྐྱེ་ལྡན་དཔང་ལེན་ཐོན་རྫས་རིགས11ཡོད། དེ་ལས་ཁྱབ་སྤེལ་ཐུབ་པའི་ཐོན་རྫས་རིགས5ཡོད།
    དེ་མིན་མང་རྫོང་དང་ཀྲུང་གོའི་སྐྱེ་ལྡན་ལྷད་མེད་ཟས་རིགས་བཟོ་ལས་ཚད་ཡོད་ཀུང་ཟི་གཉིས་མཉམ་འབྲེལ་གྱིས་ལོག་དཀར་དང་ནས། སྐམས་ལུག་ཤ་སོགས་རིགས་བཞི་ཡི་ཐོན་རྫས་སྣ་ཁ19ལྷག་པེ་ཅིན་ནས་འགྲེམས་ཚོང་བྱས། དུས་མཉམ་དུ། རྫོང་ཞིང་ཕྱུགས་ཐོན་རྫས(པེ་ཅིན)ཆེད་གཉེར་ཁང་ཡང་སྒོ་ཕྱེ། དེ་ནི་མང་རྫོང་གི་སྐྱེ་ལྡན་ཐོན་རྫས་འཕེལ་འགྱུར་མངོན་གསལ་བྱུང་བའི་དན་རྟགས་དང་རང་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཞག་པའི་མཚོན་རྟགས་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...