སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལག་ཁྱེར་མེད་པར་ཚོང་གཉེར་བྱེད་མཁན་ལ་ཞིབ་བཤེར་ཐག་གཅོད་བྱ་ཐབས།
རྩོམ་པ་པོ། ངག་དབང་རྣམ་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-9 11:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ལག་ཁྱེར་མེད་པར་ཚོང་གཉེར་བྱེད་མཁན་ལ་ཞིབ་བཤེར་ཐག་གཅོད་བྱ་ཐབས།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁ་ལྷོ་བཟོ་ཚོང་སོའོ།  ངག་དབང་རྣམ་རྒྱལ།
དོན་ཚན་དང་པོ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་དང་། སྤྱི་མཉམ་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། གཉེར་སྐྱོང་བྱེད་མཁན་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ལས་ཁུངས་གང་ངམ་མི་སུ་འདྲ་ཞིག་ཡིན་རུང་བཅའ་ཁྲིམས་དང་། ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོད་དོན་གཏན་འབེབས་དང་འགལ་ནས་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་མི་ཆོག
དོན་ཚན་གསུམ་པ། གཤམ་གྱི་ཚོང་གཉེར་བྱེད་སྒོ་དེ་དག་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་པའི་ཁོངས་སུ་མི་གཏོགས།
གཅིག རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ས་ཆ་དང་དུས་ཚོད་ནང་ཞིང་ཞོར་ཐོན་རྫས་དང་རྒྱུན་གཏན་འཚོ་བའི་མཁོ་ཆས་ཕྱིར་ཚོང་། ཡང་ན་རང་གྱི་ལག་རྩལ་ལ་རྟེན་ནས་ཁྲིམས་ལྟར་ཆོག་མཆན་མི་དགོས་པའི་དམངས་ཕན་ངལ་ལས་བྱེད་སྒོ།
གཉིས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན་གཏན་འབེབས་ལྟར་ཆོག་མཆན་མི་དགོས་པའམ་ཐོ་འགོད་བྱེད་མི་དགོས་པའི་ཚོང་གཉེར་བྱེད་སྒོ།
དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྲིད་འཛིན་ས་ཁོངས་དེ་གའི་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་མཁན་ཞིབ་བཤེར་ཐག་གཅོད་ལས་དོནལ་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ་དང་། འབྲེལ་ཡོད་ཚན་པ་ཁག་ལ་ལས་བགོས་འགན་འཁུར་བྱས་ནས་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་མཁན་ལ་ཞིབ་བཤེར་ཐག་གཅོད་ལས་དོན་ཐད་མཐུན་སྦྱོར་གཞོགས་འདེགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་དགོས།
དོན་ཚན་ལྔ་པ། ཚོང་གཉེར་བྱེད་མཁན་གྱི་ཁྲིམས་ལྟར་ཆོག་མཆན་མ་ཐོབ་པར་ཚོང་གཉེར་བྱས་ཚེ། བཅའ་ཁྲིམས་དང་། ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན་གཏན་འབེབས་བྱས་པའི་ཚན་པས་ཞིབ་བཤེར་ཐག་གཅོད་བྱ་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན་གཏན་འབེབས་མེད་པའམ་ཡང་ན་གཏན་འབེབས་ཁ་གསལ་མེད་ཚེ། ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཏན་ཕབ་བྱས་པའི་ཚན་པས་ཞིབ་བཤེར་ཐག་གཅོད་བྱ་དགོས།
དོན་ཚན་དྲུག་པ། ཚོང་གཉེར་བྱེད་མཁན་གྱི་ཁྲིམས་ལྟར་ལས་གཉེར་ལག་ཁྱེར་མེད་པར་ཚོང་གཉེར་བྱས་ཚེ། བཟོ་ཚོང་སྲིད་འཛིན་དོ་དམ་གྱི་འགན་འཁྲི་འཁུར་བའི་ཚན་པས《གཤམ་གསལ་བསྡུས་མིང་ལ་བཟོ་ཚོང་སྲིད་འཛིན་དོ་དམ་ཚན་པ་ཞེས་འབོད་རྒྱུ》ཞིབ་བཤེར་ཐག་གཅོད་བྱ་རྒྱུ།
དོན་ཚན་བདུན་པ། ཚོང་གཉེར་བྱེད་མཁན་གྱི་ཁྲིམས་ལྟར་ཆོག་མཆན་མ་ཐོབ་པ་མ་ཟད་ཁྲིམས་ལྟར་ལས་གཉེར་ལག་ཁྱེར་མ་ཐོབ་པར་ཚོང་གཉེར་བྱེད་པའི་རིགས་ལ་བྱེད་ཐབས་དེའི་དོན་ཚན་ལྔ་པའི་གཏན་འབེབས་ལྟར་ཞིབ་བཤེར་ཐག་གཅོད་བྱ་དགོས།
དོན་ཚན་བརྒྱད་པ། བཟོ་ཚོང་སྲིད་འཛིན་དོ་དམ་ཚན་པ་དང་། དེ་བཞིན་བཅའ་ཁྲིམས་དང་། ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན་ནང་གཏན་འབེབས་བྱས་པའི་ཚན་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཚན་པས(གཤམ་དུ་སྤྱི་མིང་ལ་ཞིབ་བཤེར་ཐག་གཅོད་ཚན་པ་ཞེས་འབོད་རྒྱུ)བཅའ་ཁྲིམས་ལྟར་འགན་འཁྲི་བསྒྲུབ་དགོས་པ་དང་། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་། ཆ་འཕྲིན་དྲ་རྒྱའི་ལས་སྟེགས་བེད་སྤྱད་ནས་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས། རང་ཉིད་ཚན་པའི་འགན་འཁྲི་མིན་པའི་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་མཁན་གྱི་གནས་ཚུལ་ཤེས་ཚེ་འབྲེལ་ཡོད་སྡེ་ཁག་ལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས།
དོན་ཚན་དགུ་པ། ཚན་པའམ་སྐྱེ་བོ་སུ་ཞིག་ཡིན་ཀྱང་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་མཁན་མཐོང་ཚེ་རྩད་ཞིབ་ཐག་གཅོད་ཚན་པར་ཐེར་འདོན་གོང་ཞུ་བྱེད་དབང་ཡོད་། ཞིབ་བཤེར་ཐག་གཅོད་ཚན་པས་ངེས་པར་དུ་ཐེར་འདོན་བདག་སྤྲོད་བྱེད་མཁན་ཁ་པར་དང་། ཡིག་སྒམ་མམ་གློག་རྡུལ་ཡིག་གེ་བསྐུར་བྱའི་ས་མིང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་འབྲེལ་མི་སྣ་བཀོད་སྒྲིག་བྱས་ནས་ཐེར་འདོན་སྙན་ཞུ་བདག་གཉེར་བྱེད་པ་དང་ཁྲིམས་ལྟར་ཐག་གཅོད་བྱ་དགོས། ཞིབ་བཤེར་ཐག་གཅོད་ཚན་པས་ཐག་གཅོད་བྱས་འབྲས་གསལ་བཤད་བྱ་དགོས་པ་མ་ཟད་ཐེར་འདོན་གོང་ཞུ་བྱེད་མཁན་མི་སྣའི་ཆ་འཕྲིན་གསང་བ་བྱེད་དགོས།
དོན་ཚན་བཅུ་པ། ཞིབ་བཤེར་ཚན་པས་ཁྲིམས་ལྟར་ལག་ཁྱེར་མེད་བཞིན་ཚོང་གཉེར་བྱེད་མཁན་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས་ལ། ཞིབ་བཤེར་ཐག་གཅོད་དང་ཁྲིད་སྟོན་བྱ་རྒྱུ་ཟུང་འབྲེལ། ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། ལག་ཁྱེར་གྱི་ཁྲིམས་བཀོད་ཆ་རྐྱེན་འཛོམས་པ་དང་ཚོང་གཉེར་བྱེད་མཁན་ལ་མུ་མཐུད་གཉེར་སྐྱོང་བྱེད་འདོད་ཡོད་པའི་རིགས་ལ་ལྟ་སྐུལ་དང་བཅའ་ཁྲིམས་ལྟར་བབ་མཐུན་གྱི་ལག་ཁྱེར་བཟོ་རྒྱུའི་ཁྲིད་སྟོན་བྱེད་དགོས།
དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བཟོ་ཚོང་སྲིད་འཛིན་དོ་དམ་ཚན་པས་དོགས་ཡོད་ལག་འཁྱེར་མེད་པར་ཚོང་གཉེར་རིགས་ལ་ཞིབ་བཤེར་ཐག་གཅོད་དང་། གཤམ་གསལ་གྱི་འགན་དབང་སྤྱད་ཆོག་པ་སྟེ་།
(གཅིག)འབྲེལ་ཡོད་གཉེར་སྐྱོང་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་།
(གཉིས) དོགས་ཡོད་ལག་འཁྱེར་མེད་པར་ཚོང་གཉེར་དང་འབྲེལ་བ་ཡོད་པའི་ཚན་པ་དང་མི་སྒེར་ལ་བརྟག་དཔྱད་བྱས་ནས་གནས་ཚུལ་རྩད་གཅོད་བྱེད་པ།
(གསུམ)དོགས་ཡོད་ལག་འཁྱེར་མེད་པར་ཚོང་གཉེར་གྱི་བྱ་སྤྱོད་སྤེལ་གནས་དངོས་ལ་ཞིབ་བཤེར།
(བཞི) དོགས་ཡོད་ལག་འཁྱེར་མེད་པར་ཚོང་གཉེར་དང་འབྲེལ་བ་ཡོད་པའི་གན་རྒྱ་དང་། འཛིན་ཤོག རྩིས་ཐོ་བཅས་དང་དེ་བཞིན་འབྲེལ་ཡོད་ཀྱི་ཡིག་ཆ་གཞན་དག་ལ་ཀློག་བཤེར་དང་བསྐྱར་ཕབ་བྱེད་པ། དོགས་ཡོད་ལག་འཁྱེར་མེད་པར་ཚོང་གཉེར་ས་གནས་ལ་བཀག་སྡོམ་སྒོ་ཐེལ་རྒྱག་པ། དོགས་ཡོད་ལག་འཁྱེར་མེད་པར་ཚོང་གཉེར་བྱས་པའི་ལག་ཆ་དང་། མཁོ་ཆས། མ་བཅོས་རྒྱུ་ཆ། ཐོན་རྫས(ཚོང་ཟོག)སོགས་ཀྱི་དངོས་རྫས་སྒོ་ཐེལ་རྒྱག་པ་དང་བཙན་ཉར་.བྱས་ཆོག དོགས་ཡོད་ལག་འཁྱེར་མེད་པར་ཚོང་གཉེར་བྱས་རིགས་ལ་ཞིབ་བཤེར་ཐག་གཅོད་བྱེད་སྐབས་དེ་འབྲེལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བྱེད་ཐབས་སྤྱོད་དགོས།
དོན་ཚན་བཅུ་གཉིས་པ། ལག་འཁྱེར་མེད་པར་ཚོང་གཉེར་བྱེད་མཁན་ལ་ཞིབ་བཤེར་ཐག་གཅོད་ཚན་པས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
དོན་ཚན་བཅུ་གསུམ་པ། ལག་འཁྱེར་མེད་པར་ཚོང་གཉེར་བྱེད་མཁན་རིགས་ལ་བཟོ་ཚོང་སྲིད་འཛིན་ཚན་པས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ལག་འཁྱེར་མེད་པར་ཚོང་གཉེར་བྱེད་མཁན་རིགས་ལ་ཆད་གཅོད་གཏན་འབེབས་གསལ་པོ་མེད་ཚེ། བཟོ་ཚོང་སྲིད་འཛིན་དོ་དམ་ཚན་པས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་རུ་བཅུག་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་དང་སྦྲགས་སྒོར་ཁྲི་༡མན་གྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་བཅུ་བཞི་པ། ལག་འཁྱེར་མེད་པར་ཚོང་གཉེར་བྱེད་མཁན་ཡིན་པ་ཤེས་བཞིན་དུ་ཚོང་གཉེར་མཁན་ལ་ས་གནས་གཡར་བ་དང་ཡང་ན་སྐྱེལ་འདྲེན་དང་ཉར་ཚགས། བཀར་འཇུག་སོགས་ཀྱི་ཆ་རྐྱེན་མཁོ་འདོན་བྱེད་མཁན་ལ་བཟོ་ཚོང་སྲིད་འཛིན་དོ་དམ་ཚན་པས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་རུ་བཅུག་རྒྱུ་མ་ཟད། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་བཅོ་ལྔ་པ། ལས་ཁུངས་སམ་མི་སྒེར་སུ་ཡིན་རུང་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་པའི་རིགས་ལ། ཞིབ་བཤེར་ཐག་གཅོད་ཚན་པས་ཡིད་རྟོན་ཟིན་འགོད་བྱ་རྒྱུ་མ་ཟད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྤྱི་བསྒྲགས་བྱ་དགོས།
དོན་ཚན་བཅུ་དྲུག་པ། ཞིབ་བཤེར་ཚན་པས་ལག་ཁྱེར་མེད་པར་ཚོང་གཉེར་རིགས་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་འགོག་རྐྱེན་བཟོ་མཁན་ལ་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཀྱི་ཚད་དང་ལོན་ཚེ། སྤྱི་བདེ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།
དོན་ཚན་བཅུ་བདུན་པ། ཞིབ་བཤེར་ཚན་པ་དང་དེའི་ལས་བྱེད་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་སོགས་ཀྱི་གནས་ཚུལ་ཐོན་ཚེ། འགན་འཁྲི་ཡོད་མཁན་གྱི་འགོ་ཁྲིད་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
དོན་ཚན་བཅོ་བརྒྱད་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ཁྲིམས་ཉེས་བསགས་ཚེ། ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་རྒྱུ་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...