སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་ཞིང་ལས་དངུལ་ཁངATMའཕྲུལ་ཆས་ཀྱི“གདོང་བཤེར་དངུལ་ལེན”བྱེད་ནུས་སྤྱོད་པ།
རྩོམ་པ་པོ། ཕུར་བུ་དོན་གྲུབ། ཕུན་ཚོགས་བསམ་གྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-20 9:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་ཉིན་རེ་བཞིན་མ་བསྡད་པར་སྲོལ་རྒྱུན་ནས་དེང་རབས་ཅན་དང་རྗེས་ལུས་ནས་ཡར་རྒྱས་སུ་གོམ་སྟབས་སྤོ་བཞིན་མཆིས། ཚན་རིག་འབར་གས་བྱེད་པའི་དུས་རབས་འདིར་ཆུ་ཚོད་དང་སྐར་ཆའི་མཚམས་སུ་ང་ཚོ་འགྲོ་བ་མིའི་འཚོ་བའི་ནང་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཅ་དངོས་དུ་མ་ཞིག་ཐོན་བཞིན་མཆིས། དེ་ཡང་ཉེ་དུས་ང་ཚོའི་མིག་མདུན་དུ་བསམ་ཡུལ་ལས་འདས་པའི་བྱེད་ནུས་ཤིག་དངོས་སུ་བདེ་བླགས་བཀོལ་སྤྱོད་བྱུང་ཡོད་དེ། སྤྱི་ཟླ11པའི་ཚེས8ཉིན། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིATMའཕྲུལ་ཆས་ཀྱི“གདོང་བཤེར་དངུལ་ལེན”བྱེད་ནུས་དངོས་སུ་བཅིངས་འགྲོལ་ཉིང་ལག་དངུལ་ཁང་དུ་བདེ་བླགས་ངང་འཁོར་སྐྱོད་བྱེད་འགོ་ཚུགས།
     ATMའཕྲུལ་ཆས་ཀྱི་“གདོང་བཤེར་དངུལ་ལེན”བྱེད་ནུས་ནི་གཱ་མི་དགོས་པར་དངུལ་ལེན་ཐུབ་པའི་ཐབས་ལམ་ཉག་གཅིག་ཡིན་ཏེ། ATMའཕྲུལ་ཆས་ནང“གདོང་བཤེར་དངུལ་ལེན”བྱེད་ནུས་བཀོལ་སྤྱོད་བྱས་པ་དེས་རྒྱུན་དུ་ང་ཚོས་གཱ་ཡར་མར་འདོན་པའི་རྒྱུད་རིམ་ཞིག་ཉུང་དུ་ཕྱིན་ཡོད་ལ་གཱ་འཁྱེར་རྒྱུ་བརྗེད་ནས་དངུལ་ལེན་མི་ཐུབ་པའི་དཀའ་གནད་སེལ་ཐུབ་བྱུང་ཡོད། ལྷག་པར་དུ་མ་ལག་ནང་རྒྱ་བོད་ཡིག་རིགས་གཉིས་བཀོལ་སྤྱོད་བྱས་པ་དེས་ཡུལ་དེའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཧ་ཅང་གི་སྟབས་བདེ་བསྐྲུན་ཡོད་པ་རེད། གཱ་མི་དགོས་པར་དངུལ་ལེན་བྱ་ཐུབ་པ་དེས་རྒྱུན་དུ་ཉེས་ཅན་པས་གཱ་ཡི་ཆ་འཕྲིན་འདྲ་བཟོ་བྱས་ནས་དངུལ་སྨར་གཡོ་ལེན་བྱེད་པའི་ཉེན་ཁ་ཆག་ཡོད་པ་མ་ཟད་“གདོང་བཤེར་དངུལ་ལེན”གྱི་བྱེད་ནུས་ལ་དམར་ཕྱིའི་མིག་གཉིས་བརྙན་ལེན་ཆས་ཀྱི་གསོན་གཟུགས་ཞིབ་བཤེར་ལག་རྩལ་བྱེད་སྤྱོད་བྱས་ཡོད་པས་བདེ་འཇགས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན་ཞིང་ལས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གི་འབྲེལ་ཡོད་ཚན་པ་ཁག་དང་ཀྲེ་ཅང་། ཁྲུང་ཆིང་སོགས་སྤུན་ཟླའི་ཡན་ལག་དངུལ་ཁང་ཁག་གི་རྒྱབ་སྐྱོར་འོག་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་ཚན་པ་ཁག་གི་ལས་སྒོའི་རྐང་འཛིན་པ་དངATMཀུང་སིའི་འབྲེལ་ཡོད་ལག་རྩལ་མི་སྣ་སོགས་སྒྲིག་འཛུགས་བྱས་ཏེ་རྒྱལ་སྤྱིའི་ངལ་གསོའི་དུས་ནས་མ་ལག་འཆར་བསྐྲུན་བྱེད་འགོ་ཚུགས་ཡོད། དུས་ཡུན་ཟླ་གཅིག་རིང་གི་དཀའ་སྤྱད་འབད་འཐབ་འོག་སྤྱི་ཟླ11པའི་ཚེས8ཉིན་དངོས་སུ་ཞིང་ལས་དངུལ་ཁང་བཅིངས་འགྲོལ་ཉིང་ལག་དངུལ་ཁང་དུ“གདོང་བཤེར་དངུལ་ལེན”གྱི་བྱེད་ནུས་བདེ་བླགས་ངང་འཁོར་སྐྱོད་བྱེད་སྒོ་ཚུགས་པས་ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་གི་གཱ་མི་དགོས་པར་དགོད་སྤྲོའི་མཛུམ་ཆུང་ཞིག་བསྟན་ནས་ཁ་པར་ཨང་གྲངས་སམ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བླུག་པ་ཙམ་གྱིATMའཕྲུལ་ཆས་ནང་ནས་དངུལ་སྨར་ལེན་པའི་ངོ་མཚར་ཅན་གྱི་བྱེད་ནུས་ཤིག་ང་ཚོ་ཚང་མའི་མིག་མདུན་དུ་མངོན་འགྱུར་བྱུང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...