སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཚེ་རིང་བཀྲ་ཤིས་གོ་ལའི་ལས་བསྐྲུན་གཟའ་འཁོར"2017ཀྲུང་གོའི་ས་ཚིགས40-40སྤྱི་ཚོགས་ལས་སྐྲུན་པའི"གྲས་སུ་ཚུད།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-21 10:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     2017(སྐབས11པ)ལས་བསྐྲུན་གཟའ་འཁོར་དང་གོ་ལའི་ལས་བསྐྲུན་གཟའ་འཁོར་ཀྲུང་གོའི་ས་ཚིགས་ཀྱི་བྱ་འགུལ་ཞིག་སྟེ། 2017"40-40སྤྱི་ཚོགས་ལས་སྐྲུན་པའི"བྱ་དགའ་གནང་བའི་མཛད་སྒོ་དེ་སྤྱི་ཟླ11པའི་ཚེས16ཉིན་གྱི་སྔ་དྲོར་ཧྲང་ཧའེ་ཁྲང་དབྱང་ཀུའུ་རུ་སྤེལ་ཞིང་། ཐེངས་འདིའི་བྱ་འགུལ་དུ་ལོ40མན་གྱི་སྤྱི་ཚོགས་ལས་བསྐྲུན་པ40འདེམ་ཐོན་བྱུང་བ་མ་ཟད་བྱ་དགའ་གནང་བའི་མཛད་སྒོ་སྤེལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཚེ་རིང་བཀྲ་ཤིས་ནི་བོད་ཁུལ་ན་ལས་བསྐྲུན་པའི་བྱ་དགའ་ཐོབ་མཁན་ཉག་ཅིག་ཡིན་པས། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་བསྐྲུན་པ་དང་བྱ་དགའ་སྣ་རྐྱང་ཐོབ་མཁན39དང་མཉམ་དུ་བྱ་དགའ་བླངས།

     ཚེ་རིང་བཀྲ་ཤིས་ནི་ཆ་རུ(charu)ཚོང་རྟགས་ཀྱི་མཉམ་འབྲེལ་གསར་གཏོད་པ་དང་དབུ་བཞུགས་ལག་འཛིན་ཡིན། སློབ་ཆེན་མཐར་ཕྱིན་རྗེས་བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཤིག་ཏུ་སྤྱི་ཁྱབ་ལས་འཛིན་པའི་ལས་འགན་ཁུར་བ་དང་། རྗེས་ནས་སྤྱི་ཕན་རྩ་འཛུགས་སུ་ཞུགས་ཏེ་བོད་ཁུལ་ན་གཞོན་གྱི་ལས་བསྐྲུན་དང་ནུས་ཤུགས་འཛུགས་སྐྲུན་ལས་གཞིར་འབད་བརྩོན་བྱས་ཤིང་། དེའི་སྐབས་སུ། བོད་ཚོང་དྲ་བ་བཙུགས་ཏེ་ནོར་བཟང་ཚོང་གྲོགས་དཔེ་ཀློག་འདུ་ཚོགས་སྤེལ། ཉེ་བའི་ལོ་བཅུའི་ནང་། སྔ་གཞུག་ཏུ་ཨ་རིའི་ཝར་ཇི་ཉི་ཡ་སློབ་ཆེན་དང་མཱ་ལེ་ཞི་ཡའིEDSཚོང་དོན་སློབ་གླིང་། པེ་ཅིང་སློབ་ཆེན་སོགས་སུ“གསར་བསྐྲུན་དང་སྤྱི་ཚོགས་ལས་བསྐྲུན། ཁེ་ལས་དོ་དམ། སྤྱི་ཚོགས་ཁེ་ལས་པའི་སྙིང་སྟོབས”སོགས་བསླབ་གཞི་སློབ་སྦྱོང་གནང་བ་མ་ཟད། བོད་ཁུལ་གྱི་ལས་བསྐྲུན་པ་དང་ཁེ་ལས་ཆུང་བར་ཁ་ཕྱོགས་ཏེ་ནུས་ཤུགས་འཛུགས་སྐྲུན་སློབ་ཁྲིད་དང་གསོ་སྦྱོང(བོད་རྒྱ་སྐད་གཉིས་སློབ་ཁྲིད)གནང་། 2017ལོར་སྐབས་དང་པོའི་ཆ་རུ་ཀྲུང་གོའི་སྤྱི་ཚོགས་ཁེ་ལས་བོད་ཁུལ་དུ་བསྐྱོད་པའི་བྱ་འགུལ་སྤེལ།

     ཐེངས་འདིའི་བྱ་དགའ་ཐོབ་པའི་དཔྱད་གཏམ་དུ་གླེང་དོན། ཚེ་རིང་བཀྲ་ཤིས་ཀྱིས“ཆ་རུ་རིག་གནས་ལས་གཉེར་ཁེ་ལས”སྟེགས་བུ་དམ་དུ་བཟུང་སྟེ། བོད་ཀྱི་རིག་གནས་ལ་གཤོག་སྒྲོ་ཐོགས་སུ་འཇུག་པ་དང་། ཁོས་ཁྱད་ལྡན་ཐོན་རྫས་རབས་དང་རིམ་པ་དང་ཞབས་ཞུ་ལས་སྤྱི་ཚོགས་ལ་བོད་ཁུལ་གྱི་དྲི་ངད་ཁེངས་སུ་འཇུག་ངེས།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...