སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཁ་པར་སྤྱོད་སྣེའི་ཤར་གཏོང་མཛད་སྒོ་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-12 9:10:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡེ་ཝན་པིན་གྱིས་ཤིས་ཚིག་འབུལ་བཞིན་པ།


མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཁ་པར་སྤྱོད་སྣེ་མཚོ་ཡི་ལྷོ་རྒྱུད་ཅེས་པ་ཤར་གཏོང་བྱས།

     སྤྱི་ཟླ1པོའི་ཚེས11ཉིན། མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ཡི་ལྷོ་རྒྱུད་ཅེས་པའི་ཁ་པར་སྤྱོད་སྣེ་དངོས་སུ་ཤར་གཏོང་བྱས་ཤིང་། འདིས་མཚོ་ལྷོ་ཁུལ་གྱི་སྨྱན་བྱད་ལས་དོན་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་པ་མ་ཟད། ཕྱི་ཕྱོགས་སུ་མཚོ་ལྷོའི་སྣང་བརྙན་ལེགས་པོ་ངོམ་པར་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་ཕྱེས་པ་མཚོན།


བརྙན་ཐུང་།

     ཡེ་ཝན་པིན་གྱིས་བསྟན་དོན། མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ཡི་ལྷོ་རྒྱུད་ཅེས་པའི་ཁ་པར་སྤྱོད་སྣེ་དངོས་སུ་ཤར་གཏོང་བྱས་ཏེ། དངོས་གནས་གསར་འགྱུར་གླེང་ཕྱོགས་ཀྱི་དྲིལ་སྒྲོག་ནུས་པ་དང་ཕྱོགས་སྟོན་ནུས་པ། བག་ཆགས་འཇོག་ནུས་དང་ཡིད་རྟོན་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། མཚོ་ལྷོའི་གཏམ་རྒྱུད་བརྗོད་པ་དང་མཚོ་ལྷོའི་འདོད་འདུན་ཁྱབ་སྒྲོག་སྒོས། འཕྲིན་སྦྲེལ་དྲ་རྒྱའི་འཕེལ་རྒྱས་ནུས་ཤུགས་ལ་བསྟུན་པར་བརྒྱུད། ལྟ་བ་དང་ནང་དོན། བྱེད་ཐབས། མ་ལག ནང་རྐྱེན་སོགས་ཕྱོགས་ཡོངས་གསར་སྐྲུན་ལ་སྐུལ་འདེད་དང་། དྲ་རྒྱའི་བརྙན་འཕྲིན་དང་ཁ་པར་སྤྱོད་སྣེ་ཁྱབ་སྒྲོག་དང་མཐུན་པའི་ལེ་ཚན་ལེགས་པོ་སྐོར་འཆར་བཀོད་གནང་སྟེ། བསམ་བློ་ལེགས་པོ་དང་། ས་གནས་དང་མཐུན་པའི་བརྩམས་ཆོས་ལེགས་པོ། འདོད་འདུན་ལེགས་པོ་བཅས་སྤེལ་བ་དང་། དྲ་ལམ་གྱི་དྲང་ནུས་བརྒྱུད་སྒྲོག་སྒོས་མགྱོགས་མྱུར་ངང་དཔལ་ཡོན་དང་འཆམ་མཐུན། མཛེས་སྡུག་གི་མཚོ་ལྷོ་འཛུགས་སྐྲུན་བྱེད་པར་གླེང་ཕྱོགས་ཀྱི་ཁ་དབུགས་ལེགས་པོ་བསྐྲུན་དགོས།


བརྙན་འཕྲིན་ཁང་སོ་སོས་ཤིས་ཚིག་ཕུལ་བ།


གླུ་བ་གླུ་མ་དག་གིས་ཤིས་ཚིག་ཕུལ་བ།

     མཛད་སྒོའི་སྟེང་། འཆར་ངོས་སྟེང་སྔ་གཞུག་ཏུ་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་བརྙན་ཐུང《2017ལོའི་མདུན་སྐྱོད་ལ་ཕྱིར་དྲན་དང2018ལོའི་གོམ་སྟབས་བརྟན་པོ་ལ་རྒྱང་གཟིགས》དང་། བརྙན་འཕྲིན་ཁང་སོ་སོ་དང་རོལ་མོ་བ། གླུ་བ་གླུ་མ་རྣམས་ཀྱི་ཤིས་ཚིག་ཕུལ་བའི་བརྙན་ཐུང་ལ་གཟིགས་པ་མ་ཟད། ཡུལ་དངོས་སུ་གཟིགས་མོ་བ་རྩ་འཛུགས་སྒོས་དྲི་བ་འདོན་པ་དང་དྲི་བར་ལན་བཏབ་སྟེ། ཐེངས་འདིར་ཤར་གཏོང་བྱས་པའིAPPལ་ཁྱབ་སྒྲོག་གི་ནུས་པ་ཆེན་པོ་ཐོན།


ཡུལ་དངོས་གཟིགས་མོ་བས་དྲི་བ་འདོན་པ།

     རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ཡི་ལྷོ་རྒྱུད་ཅེས་པའི་ཁ་པར་སྤྱོད་སྣེའི་ནང་དོན་ཕུན་སུམ་ཚོགས་པ་དང་། དེར་གསར་འགྱུར་དང་། དམངས་སེམས། ཡུལ་སྐོར། འཚོ་བ། དངུལ་རྩ།  ཆེད་དོན། ཕྱོགས་བསྡུས་སྒྱུ་རྩལ་སོགས་ལེ་ཚན་རིགས་སྣ་ཚོགས་ཁེབས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...