སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་རུམ་ཐོན་ལས་ཀྱི་ཉོ་འཚོང་དངོས་མང་སྟོན་ཚོགས་སྐབས་གཉིས་པ་མཇུག་སྒྲིལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-22 9:38:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     སྤྱི་ཟླ1པོའི་ཚེས18ཉིན། བོད་རང་སྐྱོང་ལྗོངས་ཀྱི་བོད་རུམ་ཐོན་ལས་ཉོ་འཚོང་དངོས་མང་སྟོན་ཚོགས་ལྷ་ས་གྲོང་ཁྱེར་དུ་མཇུག་སྒྲིལ་བ་རེད། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་སྡེ་ཁག22ཀྱིས་བཀྲམ་འཚོང་ཟུང་སྦྲེལ་གྱི་རྣམ་པས་སྟོན་ཚོགས་སུ་ཞུགས་ཡོད་པ་དང་། ཉོ་འཚོང་བྱས་གྲངས་སྒོར་ཁྲི430ཙམ་ཟིན་ཡོད་པ་རེད།

     བོད་རུམ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་ཁྲོམ་རར་སྙན་གྲགས་ཧ་ཅང་ཆེན་པོ་ལྡན་ཡོད། དགོས་མཁོ་སྐོང་མི་ཐུབ་པའི་ཁྲོམ་རའི་སྐུལ་འདེད་འོག་ཉེ་བའི་ལོ་ཤས་རིང་བོད་རུམ་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...