སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོས་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-11 10:50:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས།


རྗེས་འདེད་སློབ་སྦྱོང་།


ལམ་སྲོལ་འཛུགས་པ།

     ཉེ་ཆར། རྨེ་ཆུ་ཡུལ་ཚོས་གྲོང་སྡེ་ལེགས་སྐྱོང་ལས་གཞི་བརྒྱུད་དེ། གྲོང་སྡེ་དར་རྒྱས་གཏོང་བའི་ཐབས་ཇུས་ཀྱི་ལེགས་ཆར་བརྟེན་ནས། སྡེ་བ་རིམ་པའི་རྗེས་རབས་ལས་བྱེད་པ་སྐྱེད་སྲིང་བྱེད་པ་ཇེ་མགྱོགས་སུ་བཏང་། མིག་སྔར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་མི་སྣའི་རིག་གནས་ཆུ་ཚད་དམའ་བ་དང་། མི་དམངས་ལ་ཞབས་ཞུ་སྒྲུབ་པའི་འདུ་ཤེས་ཞན་པ། གསར་གཏོད་ཀྱི་འདུ་ཤེས་མི་འདང་བ་སོགས་ཀྱི་གནད་དོན་ལ་ཐབས་ལམ་བཙལ་ཏེ། ཁྱོན་ཡོངས་ནས་གྲོང་སྡེ་ལེགས་སྐྱོང་མངོན་འགྱུར་བྱས། 
     གཟའ་འཁོར་རེ་རེར་རྗེས་རབས་ལས་བྱེད་པ་3བདམས་ནས་ཡུལ་ཚོའི་མི་དམངས་སྲིད་གཞུང་དུ་སློབ་སྦྱོང་བྱེད་པར་མངགས་ཏེ། སྐྱེད་སྲིང་གི་ཁ་ཕྱོགས་དང་ལས་བགོའི་འགན་འཁྲི་ལྟར། ཆེད་བསྐོས་མི་སྣས་སྣེ་ཁྲིད་དོན་འཁྱོལ་བྱེད་པ་སྟེ། རྒྱུན་ལྡན་གྱི་གློག་ཀླད་བཀོལ་སྤྱོད་དང་ལས་སྒོའི་ཤེས་བྱ་ཁྲིད་པ། ལས་ཁུངས་ཀྱི་མཚན་མོའི་སྦྱོང་བརྡར་ལ་ཞུགས་པ་སོགས་བྱས་ནས། འགོ་ཁྲིད་ནུས་པ་དང་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་ལ་ཤུགས་བསྣན།
     སློབ་སྦྱོང་ལ་ཞུགས་པའི་རྗེས་རབས་ལས་བྱེད་པ་ཚང་མར་སྐྱེད་སྲིང་གི་ཁ་ཕྱོགས་ལྟར། འོས་འཚམས་ཀྱི་ལས་གནས་ཤིག་བདམས་ཏེ། དམངས་བདེ་ཞབས་ཞུ་ལྟེ་གནས་སུ་བཀོད་སྒྲིག་བྱས་ནས་དམངས་དོན་སྒྲུབ་ཏུ་བཅུག རང་ཉིད་ཀྱི་ལག་ལེན་ཁྲོད་ནས་ནུས་པ་སྦྱོང་བ་དང་། འཇོན་ཐང་མངོན་ཏེ། གནད་དོན་གལ་ཆེན་ཐག་གཅོད་བྱེད་སྐབས་ཁོ་ཚོའི་བསམ་འཆར་བསྡུ་ལེན་བྱས་ནས། དམངས་ལ་ཞབས་ཞུ་སྒྲུབ་པའི་སེམས་ཤུགས་སྐུལ་སློང་དང་། འགན་འཁྲིའི་འདུ་ཤེས་མཐོར་འདེགས་བཏང་།
     ཡུལ་ཚོ་མི་དམངས་སྲིད་གཞུང་གིས་སྡེ་བ་རིམ་པའི་རྗེས་རབས་ལས་བྱེད་པའི་དུས་རྒྱུན་དོ་དམ་ལམ་ལུགས་དང་དཔྱད་ཞིབ་དོ་དམ་ལམ་སྲོལ་བཙུགས་ནས། ཁོ་ཚོའི་དུས་རྒྱུན་གྱི་རྣམ་འགྱུར་དང་ལོ་ཧྲིལ་བོའི་དཔྱད་ཞིབ་ཟུང་དུ་འབྲེལ་བའི་ཐབས་ལམ་བཀོལ་ཏེ། སྤྱོད་ཡོན་གཉིས་ལྡན་དང་ལས་ཀར་ནན་ཏན་གྱིས་འགན་འཁུར་བ། ནུས་བ་ངེས་ཅན་ཡོད་པའི་རྗེས་རབས་ལས་བྱེད་པ་གཙོར་བཟུང་ནས་གསོ་སྐྱོང་བྱས། དུས་མཚུངས་སུ་རྗེས་རབས་ལས་བྱེད་པ་ལ་ཡིག་ཚགས་བཟོས་ཏེ། འགྲོས་བསྟུན་དོ་དམ་ལག་བསྟར་བྱས། ཡུན་ཕན་ལམ་སྲོལ་བཙུགས་པ་བརྒྱུད་ནས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་ལ་ནུས་ཤུགས་གསར་བ་བསྣན་ནས། ལས་བྱེད་པའི་སྤྱིའི་འཁོར་སྐྱོད་ནུས་པ་མཐོར་འདེགས་བཏང་བ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...