སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་སྐབས་དྲུག་པའི་འགྲན་ཞུགས་བརྩམས་ཆོས་བསྡུ་མགོ་བརྩམས།
རྩོམ་པ་པོ། པད་མས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-17 10:51:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།

     2016ལོར་བཙུགས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་དེ་སི་ཁྲོན་དང་། བོད་ལྗོངས། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབད་བརྩོན་བྱས་པར་བརྟེན་སྤུས་རྟགས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་པོར་ཕྱིན་ཏེ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
     སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཆེན་པོ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཐོན་རྫས་ཁྱབ་བྱེད་རྒྱ་སྐྱེད་དུ་བཏང་ནས་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་ཡུལ་སྐོར་ཚོང་ཟོག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་སྐོར་ཚོང་ཟོག་ལས་རིགས་ཞུགས་མཁན་བར་གྱི་ཉམས་མྱོང་བརྗེ་རེས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་གྱི་ཡུལ་སྐོར་ཚོང་ཟོག་སྤུས་རྟགས་་བསྐྲུན་ཆེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས2018ལོའི་ཟླ8པར་ལྷ་སར“སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་གྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་དང་བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་སྐབས་དྲུག་པ”(གཤམ་དུ་བསྡུས་མིང་ལ“བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་སྐབས་དྲུག་པ”ཞེས་བརྗོད་རྒྱུ)སྤེལ་བ་རེད།
     ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “2018ལོར་རང་ལྗོངས་ཀྱིས་མི་འགྱངས་བར་བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པ་འཚོགས་རྒྱུ་ཡིན་པ་དང་། དེ་དང་དུས་མཚུངས་སུ། ད་ལོ་རང་ལྗོངས་ཀྱིས་ཡང་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་ཡོད་པས། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེས“སེམས་ཀྱི་ཉི་ཟླའི་འཁྱེར་འགྲོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། སྤྱི་ཚོགས་སུ་བླང་བྱ་དང་མཐུན་པའི་འགྲན་ཞུགས་ཀྱི་བརྩམས་ཆོས་བསྡུ་རུབ་བྱ་རྒྱུ་ཡིན་ཞིང་། དེར་ཡུལ་སྐོར་ཚོང་ཟོག་ལེགས་ཤོས་ཁག་གཅིག་གདམ་གསེས་བྱས་ནས་གསོ་སྦྱོང་དང་ཁྱབ་སྤེལ་གཏོང་རྒྱུ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་ཉམས་མྱོང་བརྗེ་རེས་དང་མཉམ་ལས་ཟབ་ཏུ་བཏང་སྟེ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་སྔར་བས་གོང་དུ་འཕེལ་བར་སྐུལ་འདེད་བཏང་”ཞེས་བཤད།
     འགན་འཁུར་པ་དེས་མཚམས་སྦྱོར་བྱས་དོན། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་གྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་དང་བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་སྐབས་དྲུག་པའི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ8པའི་ཚེས15ཉིན་ནས་ཚེས20ཉིན་བར་ཡིན་ཞིང་། འགྲན་ཞུགས་པས“བོད་ལྗོངས་ཀྱི་ཡུལ་སྐོར་གུས་ལུགས”ཞེས་པའི་གཞུང་ཕྱོགས་སྐད་འཕྲིན་གྱི་སྤྱི་པའི་ལས་སྟེགས་ལ་དོ་སྣང་བྱས་ཏེ་མིང་བཀོད་རེའུ་མིག་བླངས་ཆོག མིང་བཀོད་རེའུ་མིག་བྲིས་རྗེས་དམིགས་འཛུགས་བྱས་པའི་ཡིག་སྒམ་དུ་བསྐུར་དགོས་ཤིང་། སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་རྗེས་ཡིག་ཟམ་གྱི་རྣམ་པས་མིང་ཐོ་བཀོད་པ་འགྲིག་པའི་གཏན་འཁེལ་གྱི་ཡིག་ལན་བསློག་རྒྱུ་ཡིན། འགྲན་ཞུགས་པ་ཚོས་ངེས་པར་དུ་ཟླ8པའི་ཚེས23གོང་དུ་བརྩམས་ཆོས་སྒྲིག་འཛུགས་ཨུ་ལྷན་གྱིས་གཏན་བཟོ་བྱས་པའི་ས་གནས་སུ་སྐྱེལ་དགོས་ཤིང་། དུས་བརྒལ་བྱུང་ན་མིང་ཐོར་ཁྲིམས་ནུས་མེད་པར་བརྩི་རྒྱུ།
     གལ་ཏེ་མིང་ཐོ་འགོད་པའི་བརྒྱུད་རིམ་ཁྲོད་དོགས་པ་ཅི་ཞིག་ཡོད་ཚེ་ལས་ཀའི་དུས་ཚོད་ནང་དུ་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དུ་ཁ་པར(འབྲེལ་གཏུག་ཁ་པར། 18589110476)བཏང་ནས་གནས་ཚུལ་དྲིས་ཆོག
     གཞན་ཡང་། བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་སྐབས་དྲུག་པའི་མིང་ཐོ་འགོད་པའི་བླང་བྱ་དང་། བྱ་དགའ་གསར་འཛུགས་ཀྱི་ཐད་ནས་ཀྱང་སྔོན་ཆད་དང་མི་འདྲ་སྟེ། ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་པས་གསར་འགོད་པར་བཤད་རྒྱུར། “བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་སྐབས་ལྔ་པའི་རིམ་པ150དང་། འགྲན་ཞུགས་བརྩམས་ཆོས2000ལྷག་ཉེ་བའི་རིགས་དབྱེ་དང་ཕྱོགས་བསྡོམས་ལ་གཞིགས་ནས། ད་ཐེངས་ཀྱི་འགྲན་བསྡུར་ནང་བཟོ་རྩལ་མཛེས་རིགས་དངོས་རྫས་དང་། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ། ཡུལ་སྐོར་དྲན་རྟེན་དངོས་རྫས། བོད་ཀྱི་ཁྱད་ལྡན་ཐོན་རྫས་སོགས་རིགས་བཞི་བཀོད་སྒྲིག་བྱས་ཡོད”ཅེས་བཤད།

     བཟོ་རྩལ་མཛེས་རིག་དངོས་རྫས་ནི་སྤུས་ལེགས་ཐང་ག་སོགས་མཚོན་བྱེད་དུ་བྱས་པའི་བཟོ་རྩལ་ཁྱད་དུ་ཐོན་པ་དང་། རིན་ཐང་དང་རིན་གོང་ཅུང་མཐོ་བའི་ཡུལ་སྐོར་ཚོང་རྫས་ཡིན་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱིས་བཟོས་པ་དང་ཐོན་སྐྱེད་བྱས་པའི་ཡུལ་སྐོར་ཚོང་ཟོག་སྟེ། དཔེར་ན། བོད་སྤོས་དང་བོད་ཤོག་སོགས་ཡིན། ཡུལ་སྐོར་དྲན་རྟེན་དངོས་རྫས་ནི་བོད་ཀྱི་རིག་གནས་ལ་ཕྱོགས་ཏེ་བྱུང་བའི་རིག་གནས་གསར་གཏོད་རིགས་ཀྱི་ཡུལ་སྐོར་ཚོང་ཟོག་ཡིན། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་ནང་དུ་བོད་སྨན་དང་། ས་གནས་ཀྱི་དམིགས་བསལ་ཐོན་རྫས། ཇ་ཆང་ཞིམ་ཟས་སོགས་ཡུལ་སྐོར་ཚོང་ཟོག་འདུས་པ་རེད།
     བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ནི་དྲ་ཐོག་ནས་འདེམས་ཤོག་འཕེན་པའི་རྣམ་པ་བེད་སྤྱད་དེ་སྤུས་ལེགས་ཐོན་རྫས30ལེགས་འདེམས་བྱས་ཏེ“སེམས་ཀྱི་ཉི་ཟླའི་ལེགས་སྐྱེས”ཀྱིས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་། ད་ཐེངས་ཀྱི་མཐའ་མའི་འགྲན་སྡུར་ནི་ཡུལ་དངོས་ཀྱིpkརྣམ་པས་བོད་ལྗོངས་འགྲན་ཁུལ་གྱི་གསེར་དངུལ་ཟངས་ཀྱི་རྟགས་མ་དང་། སི་ཁྲོན་འགྲན་ཁུལ་གྱི་གསེར་དངུལ་ཟངས་ཀྱི་རྟགས་མ། ཡུན་ནན་འགྲན་ཁུལ་གྱི་གསེར་དངུལ་ཟངས་བཅས་ཀྱི་རྟགས་མ་རྩོད་རྒྱུ་རེད། གཞན་ཡང་། རྟིང་རྩོད་ནང་ཚུད་པའི་བརྩམས་ཆོས་དེ་བོད་ལྗོངས་ཡུལ་སྐོར་གྱི་མིང་བྱང་གལ་ཆེན་གྲས་ཀྱི་གཅིག་ཏུ་བྱས་ནས་བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པའི་བོད་ལྗོངས་ཡུལ་སྐོར་པར་ངོས་ཀྱི་འགྲེམས་སྟོན་དུ་ཞུགས་ཏེ་འགྲེམས་སྟོན་བྱ་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...