སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཐོ་སྒང་ནས་ནག་མཐུན་གཉེར་ཁང་གིས་ཀན་ལྷོ་ཁུལ་ནས་ཐོན་རྫས་གསར་བའི་འགྲེམ་སྤེལ་མཛད་སྒོ་ཚོགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-14 10:42:00 རྩོམ་ཁུངས། ཀན་ལྷོའིབོད་ཡིག་ཚགས་པར། ཀློག་གྲངས།


གངས་ཞུན། མཐོ་སྒང་ནས་ནག་མཐུན་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན།


སྐལ་བཟང་སྦྱིན་པ། མཐོ་སྒང་ནས་ནག་མཐུན་གཉེར་ཁང་གི་ཕྱིར་ཚོང་འགན་འཛིན་པ།


ཀན་ལྷོའི་ན་གཞོན་ཁེ་ལས་བ་མང་པོ།


ལས་བྱེད་མི་སྣས་ནས་ནག་ཟས་རིགས་ངོ་སྤྲོད་བྱེད་བཞིན་པ།


མཐོ་སྒང་ནས་ནག་མཐུན་གཉེར་ཁང་དང་ནོར་བུ་བཟང་པོ་དྲ་ལམ་ཚོང་དོན་སྒོ་འབྱེད་ཚད་ཡོད་ཀུང་སིས་གན་རྒྱ་འཇོག་བཞིན་པ།

     སྤྱི་ཟླ9བའི་ཚེས12ཉིན། མཐོ་སྒང་ནས་ནག་མཐུན་གཉེར་ཁང་གི་ཀན་ལྷོ་ཁུལ་གྱི་ཐོན་རྫས་གསར་བའི་འགྲེམ་སྤེལ་མཛད་སྒོ་དེ་ནོར་བུ་བཟང་བོ་དྲ་ལམ་ཚོང་དོན་སྒོ་འབྱེད་ཚད་ཡོད་འགན་འཁྲི་ཀུང་ཟི་རུ་ཚོགས་ཤིང་། མཐོ་སྒང་ནས་ནག་མཐུན་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་གངས་ཞུན་གཙོ་བྱས་པའི་ཕྱིར་ཚོང་འགན་འཛིན་པ་སྐལ་བཟང་སྦྱིན་པ་དང་ཕྱིར་ཚོང་བོད་ཁུལ་ཁྲོམ་རའི་འགན་འཛིན་པ་བོད་ཕྲུག ནོར་བུ་བཟང་བོའི་སྤྱི་ཁྱབ་འགན་འཛིན་པ་པད་མ་ཚེ་རིང་། ཁུལ་ཡོངས་ཀྱི་ན་གཞོན་ཁེ་ལས་བ་དང་དགའ་མོས་ཡོད་མཁན་གྱི་མི་སྣ་སོགས་མཛད་སྒོ་རུ་ཞུགས།
     མཛད་སྒོ་རུ་མཐོ་སྒང་ནས་ནག་མཐུན་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་གངས་ཞུན་གྱིས་མཐུན་གཉེར་ཁང་གི་འཐབ་ཇུས་དང་དམིགས་འབེན་སྐོར་ནས་གསལ་བཤད་གནང་ཞིང་མཛད་སྒོ་འགོ་བརྩམས། རྗེས་མཐུད་དུ་ཕྱིར་ཚོང་འགན་འཛིན་པ་སྐལ་བཟང་སྦྱིན་པ་དང་ཕྱིར་ཚོང་བོད་ཁུལ་ཁྲོམ་རའི་འགན་འཛིན་པ་བོད་ཕྲུག་གཉིས་ཀྱིས་བོད་ཀྱི་ལོ་རྒྱུས་དང་འཚོ་བའི་ཁྲོད་ཀྱི་ནས་དང་རྩམ་པའི་བྱུང་བ་དང་ནས་ནག་ཐོན་རྫས་དང་ཚོང་རའི་དམིགས་ཚད་སྐོར་ནས་ངོ་སྤྲོད་དང་གསལ་སྟོན་བྱེད་ཅིང་། མཐོ་སྒང་ནས་ནག་གི་རིན་ཐང་དང་དེའི་སྨིན་ཚད་ཀྱི་ཁོར་ཡུག་གི་ཆ་རྐྱེན། ཐོན་སྐྱེད་བྱ་སྟངས་ཀྱི་ཚད་གཞི། ལུས་པོའི་དགོས་དབང་དང་ནས་ནག་བར་གྱི་འབྲེལ་བ་སོགས་ཀྱི་ཐད་ཚན་རིག་གི་དབྱེ་ཞིབ་བྱས། མཐོ་སྒང་ནས་ནག་མཐུན་གཉེར་ཁང་གིས་མདོ་དབུས་ཁམས་གསུམ་གྱི་ནས་ནག་ལ་ཞིབ་འཇུག་དང་གསར་སྤེལ། ལས་སྣོན། ཐོན་སྐྱེད། ཞིབ་བཤེར། ཐུམ་སྒྲིལ། ཕྱིར་ཚོང་སོགས་རིམ་བསྟར་གྱིས་ནས་ནག་ལས་རིགས་གཉེར་བཞིན་ཡོད་ལ། ཁོ་ཚོས་འཛད་སྤྱོད་པའི་དགོས་མཁོ་དམིགས་སུ་བཟུང་ནས་ལྷད་མེད་དྭངས་གཙང་གི་ཟས་ཤིག་ཐོན་སྐྱེད་བྱ་རྒྱུ་འོས་འགན་དུ་བཟུང་སྟེ་གཉེར་གྱིན་ཡོད་པར་བཤད།
     མཇུག་མཐར་ནོར་བུ་བཟང་བོའི་སྤྱི་ཁྱབ་འགན་འཛིན་པ་པད་མ་ཚེ་རིང་གིས་ཕྱོགས་ཡོངས་ཀྱི་ཐོན་རྫས་ཕྱིར་ཚོང་གི་ཐད་ཀྱི་གཏམ་བཤད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...