སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
“ཚལ་རྔ”རྟགས་མའི་ན་གཞོན་ལས་རིགས་གསར་གཏོད་ཀྱི་གླེང་སྟེགས་བསྡུས་པ།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-20 10:56:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


“ཚལ་རྔ”རྟགས་མའི་ན་གཞོན་ལས་རིགས་གསར་གཏོད་ཀྱི་གླེང་སྟེགས་བསྡུས་པ།


སྐུ་མགྲོན་རྣམས་ཀྱིས་རང་གི་མིང་བཀོད་དེ་གླེང་སྟེགས་སུ་ཞུགས་པ།

    སྤྱི་ཟླ9བའི་ཚེས20ཉིན་གྱི་སྔ་དྲོར། “ཚལ་རྔ”རྟགས་མའི་ན་གཞོན་ལས་རིགས་གསར་གཏོད་ཀྱི་གླེང་སྟེགས་དེ་མཚོ་ལྷོ་ཁུལ་དུ་དངོས་སུ་མགོ་བརྩམས་ཤིང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་གུང་གཞོན་ཚོགས་པས་རྩ་འཛུགས་གནང་བའི་ན་གཞོན་ལས་རིགས་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པའི་འཚོལ་ཞིབ་ལམ་བུ་ཞིག་ཡིན།
     གླེང་སྟེགས་འདིར་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་ཞིང་ཆེན་ཕྱིའི་བོད་རིགས་རང་སྐྱོང་ཁུལ་སོ་སོའི་ཏང་ཨུའི་འགན་གཉེར་འགོ་ཁྲིད། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་ཤེས་ལྡན་པ། ལས་རིགས་གསར་གཏོད་ཀྱི་ཁྲིད་སྟོན་དགེ་རྒན། ཕུལ་བྱུང་ན་གཞོན་ཁེ་ལས་པའི་འཐུས་ཚབ་སོགས་མི200ལྷག་འཛོམས་ཏེ། ན་གཞོན་ལས་རིགས་གསར་གཏོད་ཀྱི་གྲུབ་འབྲས་འགྲེམ་སྟོན་དང་། གླེང་སྟེགས། ལས་རིགས་གསར་གཏོད་ཀྱི་ལས་གཞིའི་གྲོས་ཆོད་ཡི་གེ་འགོད་པ་དང་གཟེངས་བསྟོད་སོགས་བྱ་འགུལ་རྣམ་གྲངས་མང་པོ་སྤེལ་ལ། མཚོ་ལྷོ་ཁུལ་ལ་དམིགས་སུ་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་གསར་རྣམ་ནུས་ཁུངས་གཙང་སེལ་ཐོན་ལས། རིག་གནས་ཡུལ་སྐོར་དང་ཞབས་ཞུའི་ལས་རིགས། གཞི་གྲངས་ཆེན་མོ་སོགས་ཁྱད་ལྡན་ཐོན་ལས་གཞི་བྱས་ཏེ། མཚོ་ལྷོ་ཁུལ་གྱི་ཚུལ་བསྒྱུར་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་རམ་འདེགས་མཁོ་འདོན་བྱེད་པ་ཡིན།


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཐིང་ཞང་གིས་གཏམ་བཤད་གནང་བ།


གུང་གཞོན་ཚོགས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབང་ཕྱུག་གིས་གཏམ་བཤད་གནང་།


ཡུལ་དངོས་ཀྱི་ཟུར་ཞིག


ཧྭ་ཝེ་ཁེ་ལས་མཚོ་སྔོན་ས་ཁུལ་གྱི་སྤྱི་ཁྱབ་འགན་འཛིན་པ་ཀུའོ་ཅུན་ཡུའེ་ཡིས《སྤྲིན་རྩིས་གཞི་གྲངས་ཆེན་མོས་ན་གཞོན་
ལ་ལས་གཏོད་བྱེད་དུ་འཇུག་པ》ཞེས་གཏམ་བཤད་སྤེལ།

     ཐེངས་འདིའི་གླེང་སྟེགས་ནི་ས་གནས་ཀྱི་ཁྱད་ལྡན་ལས་རིགས་གསར་གཏོད་གླེང་སྟེགས་དམིགས་སུ་བཟུང་སྟེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ས་གནས་ཀྱི་ན་གཞོན་རྣམས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་སུ་ཞུགས་པའི་ཐབས་ལམ་འཚོལ་ཞིབ་དང་། རིགས་སོ་སོའི་ལས་རིགས་གསར་གཏོད་ཀྱི་ན་གཞོན་དག་ལ་འབྲེལ་འདྲིས་མཉམ་འབྲེལ་གྱི་སྟེགས་བུ་ཞིག་བསྐྲུན་པར་བརྒྱུད། མི་རིགས་ས་ཁུལ་གྱི་དཔལ་འབྱོར་ཚུལ་བསྒྱུར་འཕེལ་རྒྱས་མངོན་འགྱུར་བྱེད་པ་ཡིན།


མཚོ་ལྷོ་ཁུལ་ན་གཞོན་ལས་རིགས་གསར་གཏོད་སྡོད་ཁུལ།


གྲུབ་འབྲས་འགྲེམ་སྟོན།


གྲུབ་འབྲས་འགྲེམ་སྟོན།

     མཚོ་ལྷོ་ཁུལ་གྱིས་ཁྱད་ལྡན་ཐོན་ཁུངས་དང་ས་ཁོངས་ཀྱི་གནས་ཕྱོགས་ཁྱད་ཆོས། ཐོན་སྐྱེད་རྒྱུ་ཆའི་སྤུས་ལེགས་བཅས་ལ་བརྟེན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་འདུ་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་པའི་དམིགས་འབེན་གཞིར་བཟུང་སྟེ། ནུས་ཡོད་སྒོས་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་གསར་རྣམ་ནུས་ཁུངས་གཙང་དག་ཐོན་ལས། རིག་གནས་ཡུལ་སྐོར་དང་ཞབས་ཞུའི་ལས་རིགས་བཅས་ཁྱད་ལྡན་ཐོན་ལས་ཆེན་པོ་གསུམ་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བར་སྐུལ་སྤེལ་གྱིས། ལྗང་མདོག་ཁོར་སྲུང་དང་ཁྱད་ཆོས་མངོན་གསལ། ཁྱད་འཕགས་འབུར་ཐོན། རྒྱུན་རིང་འཕེལ་རྒྱས་བཅས་ཀྱི་དེང་རབས་ལྗང་མདོག་ཐོན་ལས་མ་ལག་གི་ཐོག་མའི་རྣམ་པ་གྲུབ་ཅིང་། རང་སྐྱོང་ཁུལ་གྱི་ལྗང་མདོག་ཁྱད་འཕགས་རྒྱ་ཆེར་དང་། ལྗང་མདོག་རྨང་གཞི་སྲ་བརྟན། ལྗང་མདོག་འགུལ་ནུས་གསོག་པ། ལྗང་མདོག་འཕེལ་རྒྱས་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་གོམ་སྟབས་བརྟན་པོ་སྤོས།


གྲུབ་འབྲས་འགྲེམ་སྟོན།


གྲུབ་འབྲས་འགྲེམ་སྟོན།


གྲུབ་འབྲས་འགྲེམ་སྟོན།


གྲུབ་འབྲས་འགྲེམ་སྟོན།

     ལས་རིགས་གསར་གཏོད་ནི་དུས་རབས་ཀྱི་སྙེག་ཕྱོགས་དང་། དེང་རབས་ན་གཞོན་གྱི་ཕུགས་འདུན་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཉེ་བའི་ལོ་འགའི་ནང་། མཚོ་ལྷོ་ཁུལ་གུང་གཞོན་ཚོགས་པས་ལས་རིགས་གསར་གཏོད་བྱེད་པའི་ན་གཞོན་རྩ་འཛུགས་དང་འབྲེལ་ཟམ་བཙུགས་ཏེ། མུ་མཐུད་དུ་ན་གཞོན་ལས་རིགས་གསར་གཏོད་ཀྱི་ཞབས་ཞུའི་མ་ལག་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་སྒོས། མཚོ་ལྷོ་ཁུལ་གྱི་ན་གཞོན་ལས་རིགས་གསར་གཏོད་སྡོད་ཁུལ་དང་ཁྲི་ཀ་རྫོང་ན་གཞོན་ལས་རིགས་གསར་གཏོད་ཁྲོམ། འབའ་རྫོང་ན་གཞོན་གློག་རྡུལ་ཞབས་ཞུའི་སྟེགས་བུ་སོགས་རྫོང་ལྔའི་རང་སོ་སོའི་ཁྱད་ཆོས་ལྡན་པའི་ན་གཞོན་ལས་རིགས་གསར་གཏོད་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...