སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐེམ་ཆེན་ཅོང་ཆུ་གྲོང་བརྡལ་སེར་ཕྲེང་མཉམ་ལས་ཁང་གིས་མ་རྐང་བགོ་བཤའ་རྒྱག་པའི་མཛད་སྒོ་བསྡུས།
རྩོམ་པ་པོ། བོང་སྟག་རི་ལུ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-10 9:28:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཐེམ་ཆེན་ཅོང་ཆུ་གྲོང་བརྡལ་སེར་ཕྲེང་མཉམ་ལས་ཁང་གིས2018ལོའི་མ་རྐང་བགོ་བཤའ་རྒྱག་པའིམཛད་སྒོ་བསྡུས།


ཕྱུགས་རྫི་ཕུལ་བྱུང་ཅན་དང་ལས་སྒྲུབ་པ་ཕུལ་བྱུང་ཅན།


མཉམ་ལས་ཁང་ཕྱུགས་ཟོག་འཚོ་སྐྱོང་བའི་འཐུས་ཚབ།


མ་རྐང་འཇོག་མཁན་གྱི་ཁྱིམ་མི།


མཉམ་ལས་ཁང་གི་སྨན་བཅོས་དང་རྒན་གསོར་བྱིན་པའི་ཚབ་དངུལ།

     ཉེ་ཆར། ཐེམ་ཆེན་རྫོང་ཅོང་ཆུ་གྲོང་བརྡལ་སེར་ཕྲེང་མཉམ་ལས་ཁང་གིས2018ལོའི་མ་རྐང་བགོ་བཤའ་རྒྱག་པའི་མཛད་སྒོ་དེ་ཐེམ་ཆེན་རྫོང་དུ་བསྡུས་པ་དང་། མཛད་སྒོའི་སྟེང་ཐེམ་ཆེན་རྫོང་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏིང་འཛིན་རྒྱལ་ཞུགས་ནས་གཏམ་བཤད་གལ་ཆེན་གནང་བར་མ་ཟད། ཅོང་ཆུ་གྲོང་རྡལ་གྱི་འགོ་ཁྲིད་གཙོ་བོ་དང་། སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་སེར་ཕྲེང་མཉམ་ལས་ཁང་གི་མང་ཚོགས་སོགས་མི་སྣ་ལྔ་བཅུ་ལྷག་ཚོགས་འདུར་ཞུགས། 
     ཚོགས་འདུ་ལས་སེར་ཕྲེང་མཉམ་ལས་ཁང་གི་འདས་པའི་ལོ་ངོ་གཉིས་ཀྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་ཕྱིར་བལྟ་བྱས་ཤིང་། ད་ལོའི་ལོ་ངོ་གཅིག་རིང་གི་ཡོང་འབབ་བགོ་བཤའ་བརྒྱབ། ད་ལོར་སེར་ཕྲེང་སྐྱེ་ཁམས་མཉམ་ལས་ཁང་ལ་སྤྱིའི་ཡོང་སྒོ་སྒོར་519732.8ཡོད་པ་ལས་མ་རྐང་འཇོག་མཁན་བཅས་ལ་བགོ་བཤའ་བརྒྱབ་པ་དང་། དེ་མིན། ཕྱུགས་རྫི་ཕུལ་བྱུང་ཅན་དང་ལས་སྒྲུབ་པ་ཕུལ་བྱུང་ཅན། མཉམ་ལས་ཁང་ཕྱུགས་ཟོག་འཚོ་སྐྱོང་བའི་འཐུས་ཚབ། མ་རྐང་འཇོག་མཁན་གྱི་ཁྱིམ་མི་བཅས་ལ་བྱ་དགའི་དངུལ་དང་གཟེངས་རྟགས་ཕུལ།

     ཐེམ་ཆེན་རྫོང་སེར་ཕྲེང་སྡེ་བ་ནི་རྫོང་མཁར་བྱང་ཕྱོགས་ཀྱི་སྤྱི་ལེ30ཡས་མས་སུ་ཡོད་ཅིང་། 2016ལོར་རྩྭ་ཕྱུགས་དོ་མཉམ་གྱི་སྐྱེ་ཁམས་ཁོར་སྲུང་དང་། ད་དུང་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབ་གསར་བའི་འོག་ཏུ། སེར་ཕྲེང་སྡེ་བས་ཀྱང་འབྲེལ་ཡོད་སྲིད་ཇུས་དང་བསྟུན་ནས། རང་སྡེ་བའི་རྩྭ་སའི་རྒྱ་ཁྱོན་དང་ཕྱུགས་རིགས་ཀྱི་ཁ་གྲངས་ལྟར། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྒོས་སུ་གནད་ཕིགས་དབུལ་སྐྱོར་གྱི་སྲིད་ཇུས་དང་འགྲོགས་ཏེ། ཏང་ཡོན་གྱི་ནུས་པ་ཆེས་ཆེར་བཏོན་པ་དང་། གྲོང་རྡལ་དང་ཀྲི་པུའུ་ཡིས་རྒྱང་རིང་ཞིང་ཡུན་བརྟན་པའི《ཏང་ཡོན་ཁྱིམ་བདག་ལམ་ལུགས》ཤིག་གཏན་དུ་ཕབ་པ་སོགས་ཀྱི་བྱེད་ཐབས་གང་ལེགས་ལ་བརྟེན་ནས། ད་ལོའང་སྔོན་ལོ་བཞིན་བགོ་བཤའ་དུས་ལྟར་རྒྱག་ཐུབ་པ་བྱུང་བར་མ་ཟད། མ་རྐང་གཅིག་གི་བགོ་བཤའ་སྔོན་ལོ་ལས་25%ཡིས་ཇེ་མཐོར་སོང་།
     སེར་ཕྲེང་སྡེ་བའི་སེར་ཕྲེང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མ་རྐང་བགོ་བཤའ་རྒྱག་པའི་མཛད་སྒོའི་ཡུལ་དངོས་སུ་ཐེམ་ཆེན་རྫོང་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏིང་འཛིན་རྒྱལ་གྱིས་བཤད་རྒྱུར། མཉམ་ལས་ཁང་གི་ནི་ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབ་གསར་བའི་འོག་ཏུ་འབྲོག་སྡེ་གསར་སྐྲུན་གྱི་ཐད་དུ་བཏོན་པའི་སྲིད་ཇུས་དང་བླང་བྱ་གསར་བ་ཡིན་ལ། སེར་ཕྲེང་མཉམ་ལས་ཁང་ལ་མཚོན་ན་མ་རྐང་འཇོག་མཁན་གྱི་ཁྱིམ་གྲངས་ཉུང་ནའང་བསྟུད་མར་ལོ་གཉིས་རིང་ལ་བགོ་བཤའ་དུས་ལྟར་རྒྱག་ཐུབ་པ་དེས་མཉམ་ལས་ཁང་གི་སྣེ་ཁྲིད་པའི་ནུས་པ་ཞིག་དང་། མ་རྐང་འཇོག་མཁན་རྣམས་ཀྱི་མཐུན་སྒྲིལ། དེ་མིན་ཕྱུགས་རྫི་ཚོའི་འབད་འབུངས་བཅས་མངོན་པར་མཚོན་ཡོད་ལ། རྗེས་ཕྱོགས་ཀྱང་མཉམ་ལས་ཁང་གིས་མ་རྐང་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། དབུལ་ཐར་འགག་སྒྲོལ་དང་། དབུལ་ཐར་ཕྱུག་འགྱུར་གྱི་ཕྱོགས་སུ་བྱས་རྗེས་འཇོག་དགོས་པའི་རེ་བའང་བཏོན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...