སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཟིག་གདན་མཉམ་ལས་ཁང་གིས་མ་རྐང་བགོ་བཤའ་རྒྱག་པའི་མཛད་སྒོ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-17 10:53:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གཟིག་གདན་མཉམ་ལས་ཁང་གིས2018ལོའི་མ་རྐང་བགོ་བཤའ་བརྒྱབ།


མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་རྒྱ་ཁོ་ཐར་གྱིས་ད་ལོའི་མཉམ་ལས་ཁང་གི་བྱ་བར་སྙན་ཞུ་འབུལ་བ།


ཡུལ་དངོས།


མ་རྐང་འཇོག་མཁན་གྱི་སྡེ་མི།


ངལ་རྩོལ་དཔེ་ལེགས་ཁྱིམ་ཚང་།


སྦྲ་ནག་རྒྱུད་འཛིན་ཁྱིམ་ཚང་།


ཆ་རྐྱེན་ཞན་པའི་ཁྱིམ་ཚང་ལ་རོགས་སྐྱོར་གནང་བ།


མ་རྐང་དམའ་བའི་ཁྱིམ་ཚང་ལ་རོགས་སྐྱོར་གནང་བ།

    སྤྱི་ཟླ12པའི་ཚེས15ཉིན། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཅོང་ཆུ་གྲོང་རྡལ་གཟིག་གདན་མཉམ་ལས་ཁང་གིས2018ལོའི་མ་རྐང་བགོ་བཤའ་རྒྱག་པའི་མཛད་སྒོ་དེ་ཐེམ་ཆེན་རྫོང་དུ་བསྡུས། ཐེམ་ཆེན་རྫོང་ཅོང་ཆུ་གྲོང་རྡལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། སྡེ་བའི་འགོ་ཁྲིད་རྣམས་དང་མཉམ་ལས་ཁང་དུ་ཞུགས་ཡོད་པའི་ཁྱིམ་ཚང་གི་འཐུས་ཚབ་པ་སོགས་མི་སྣ60ལྷག་ཞུགས་ཡོད།
     མཛད་སྒོ་ལས2018ལོའི་གཟིག་གདན་མཉམ་ལས་ཁང་གི་བྱ་བའི་ཕྱོགས་ཡོངས་ཀྱི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པ་དང་།ད་ལོའི་སྤྱིའི་ཡོང་འབབ་མ་དངུལ་སྒོར514767.83ཡིན་ལ།དེའི་ཁྲོད་མ་དངུལ་སྒོར283267.83མ་རྐང་འཇོག་མཁན་གྱི་ཁྱིམ་ཚང་བཞི་བཅུ་ཞེ་བཞི་ལ་བགོ་བཤའ་བརྒྱབ་པ་དང་།མི་རེའི་ཆ་སྙོམས་ཡོང་འབབ་སྒོར11450ཡིན། དེ་མིན་མཉམ་ལས་ཁང་དུ་མ་རྐང་བཞག་ཡོད་ཀྱང་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་ཁྱིམ་ཚང་བཅུ་གསུམ་དང་ཕྱུགས་ཟོག་གི་ཁ་གྲངས་ཅུང་ཉུང་བའི་ཁྱིམ་ཚང་བཅུ་གཅིག་ལ་མ་རྐང་བགོ་བཤའ་ལས་གཞན་སྒོར་སྟོང་རེའི་རོགས་སྐྱོར་བྱས་ཤིང་། གཞན་ད་དུང་མཉམ་ལས་ཁང་གི་ངལ་རྩོལ་དཔེ་ལེགས་ཁྱིམ་ཚང་ལྔ་དང་སྦྲ་ནག་རྒྱུད་འཛིན་གྱི་ཁྱིམ་ཚང་ལྔ་ལ་བྱ་དགའི་གཟེངས་བསྟོད་ཀྱི་དཔང་ཡིག་གནང་སྟེ་བོད་ཀྱི་སྦྲའི་རིག་གནས་འདི་ཉིད་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱེད་པར་རྟིང་སྐུལ་བྱས།
    གཟིག་གདན་སྐྱེས་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་རྫོང་མཁར་དང་སྤྱི་ལེ་ཞེ་བཞི་ཡོད་པའི་ཤར་ལྷོའི་མཚམས་སུ་ཡོད་ཅིང་། 2017ལོའི་ཟླ2པར་རྫོང་ཕྱུགས་ལས་སྡེ་ཁག་གི་མཛུབ་སྟོན་འོག རྫོང་སྲིད་གཞུང་དང་གྲོང་རྡལ་ཏང་ཨུའི་ཡང་དག་པའི་བཀོད་སྒྲིག་ལྟར་གཡུ་འབྲུག་མཉམ་ལས་ལྷན་ཁང་དུ་ཞུགས་པ་དང་། ཕྱུགས་ཟོག་རིགས་བགར་ནས་ཆེད་འཚོ་ཆེད་སྐྱོང་བྱེད་པ་དང་། རྩྭ་སའི་ཆེ་ཆུང་ལ་གཞིགས་ནས་ཕྱུགས་ཟོག་རེས་སྐོར་ནས་འཚོ་བ། གཅིག་གྱུར་གྱིས་གསོ་སྤེལ་བྱེད་པ་དང་གཅིག་གྱུར་གྱིས་ཉོ་འཚོང་བྱེད་པ། གཅིག་གྱུར་གྱིས་ཐོན་རྫས་བསྐྲུན་པ་བཅས་ཀྱི་དོ་དམ་བྱེད་ཐབས་ཀྱི་སྒོ་ནས་ལས་གཉེར་བྱེད་ཀྱིན་པའི་སྐྱེས་ཁམས་ཕྱུགས་ལས་མཉམ་ལས་ཁང་ཞིག་ཡིན་དང་། རྩྭ་ས་ཉམས་རྒུད་དུ་འགྲོ་བ་དང་སྐྱེས་ཁམས་ལ་གཏོར་བརླག་ཐེབས་པ་ལེགས་བཅོས་བྱེད་པའི་ལམ་སྲོལ་གལ་ཆེན་ཞིག་ཡིན་ལ། རྩྭ་སའི་ཐོན་ཁུངས་ཡུན་རིང་པོར་བཀོལ་སྤྱོད་པ་བྱེད་པ་དང་ཕྱུགས་རྒྱུད་ལེགས་སྒྱུར་བྱས་ནས་ཕྱུགས་ལས་ཐོན་སྐྱེད་ཀྱི་འཕེལ་རྒྱས་དང་ཕུན་ནུས་མཐོར་འདེགས་སུ་གཏོང་བར་ཕན་འབྲས་མི་དམན་པ་ཐོན་དང་འདོན་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...