སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་གྱི་ཁེ་ལས29ཀྲུང་གོའི་ཚོང་རྟགས་གྲགས་ཅན་གྱི་མིང་ཐོར་ཚུད་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-15 10:02:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     སྤྱི་ཟླ5བའི་ཚེས10ཉིན་ནས་ཚེས12ཉིན་བར། 2019ཀྲུང་གོའི་ཚོང་རྟགས་གྲགས་ཅན་ཉིན་མོའི་མུ་འབྲེལ་བྱེད་སྒོ་ཧྲང་ཧའེ་གྲོང་ཁྱེར་གྱི་འགྲེམ་སྟོན་ལྟེ་གནས་སུ་སྤེལ། རང་རེའི་ཞིང་ཆེན་གྱི་གངས་རྩེ་རྟགས་མའི་འབྲིའི་འོ་ལས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་པོའི་སྨན་ལས་ཚད་ཡོད་ཀུང་ཟི། གནམ་སའི་རྟེན་འབྲེལ་རིག་གནས་ཡུལ་སྐོར་གོང་སྤེལ་ཚད་ཡོད་ཀུང་ཟི་སོགས་ཁེ་ལས29ཀྲུང་གོའི་ཚོང་རྟགས་གྲགས་ཅན་ཉིན་མོ་ཡི་མིང་ཐོའི་གྲས་སུ་ཚུད་ཅིང་། གཙོ་ཆེ་བཟའ་བཅའ་དང་སྨན་རྫས། རིག་གནས་ཡུལ་སྐོར་སོགས་ལས་རིགས་རེད། དེ་ལས་མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཆུ་གསུམ་ཁ་བ་སྐྱེ་དངོས་ཚན་རྩལ་སྡེ་ཤོག་ཚད་ཡོད་ཀུང་ཟི་སོགས་ནི་སྐབས་སྔོན་མའི་འགྲེམས་ཚོགས་ལ་ཁེ་ལས་ཚན་ཆུང་གི་རྣམ་པས་ཞུགས་མྱོང་བའི་ཁེ་ལས་རེད།
     ཉེ་བའི་ལོ་རིང་ལ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་རང་བདག་གི་ཚོང་རྟགས་གྲགས་ཅན་བཟོ་བར་མཐོང་བཟོས་བདག་རྐྱེན་གནང་སྟེ། ཚོང་རྟགས་གྲགས་ཅན་གྱི་ལས་དོན་ཚོགས་ཆེན་ཐེངས་དུ་མར་བསྡུས་ནས་ཚོང་རྟགས་བཟོ་བའི་ལས་ཀ་བཀོད་སྒྲིག་བྱས་པ་མ་ཟད། སྲིད་ཇུས་ཆ་ཚང་བཏོན་ནས་ཚོང་རྟགས་ཀྱི་འཐབ་ཇུས་ལག་ལེན་དུ་བཏབས་ནས“མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་དར་སྤེལ་འཕེལ་རྒྱས་ཐེབས་རྩ”བཙུགས་པ་དང་། ཆེད་དོན་མ་དངུལ་བཀོད་སྒྲིག་བརྒྱབ་ནས་ཚོང་རྟགས་དར་སྤེལ་ཇེ་མགྱོགས་སུ་བཏང་། ཐེངས་འདིར་མིང་ཐོར་ཚུད་པའི་ཁེ་ལས29ཡིས་རང་རེའི་ཞིང་ཆེན་གྱི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་འཁྲིད་སྟོན་འོག་སྐྱོན་བྲལ་འཕེལ་རྒྱས་ཀྱི་བསམ་བློ་ལ་ཚོང་ལས་ཀྱི་འབྲས་བཟང་སྨིན་པ་གང་ལེགས་མཚོན་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་ཁྲོམ་རའི་ཆ་འཕྲིན་ཁྲུའུ་ཡི་འགོ་གཙོ་ཨོའུ་ཡུང་ལི་ཡིས་འདི་སྐད། “ཀྲུང་གོའི་ཚོང་རྟགས་གྲགས་ཅན་ཉིན་མོ”ཞེས་པའི་བྱེད་སྒོ་འདིས་ཁེ་ལས་ཀྱིས་ཚོང་རྫས་དང་ཚོང་རྟགས་འཛམ་གླིང་ལ་འོས་སྦྱོར་ཐུབ་པའི་སྟེགས་བུ་ཞིག་བཏོན་ཡོད་པས། མཚོ་སྔོན་གྱི་ཁེ་ལས་དག་གིས་མཐོ་སྒང་གི་ལྷད་མེད་སྐྱེས་ལྡན་གྱི་ཞིང་ལས་ཐོན་རྫས་དག་མ་ཐོན་སྐྱེད་བྱ་བའི་ཡུལ་ཁྱད་པར་གྱི་དགེ་མཚན་བཟང་བོ་འདི་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། ཐོན་རྫས་ཀྱི་རྒྱུ་སྤུས་ཇེ་ལེགས། ཚོང་ལས་དྲིལ་སྒྲོག་བཟང་པོ་བཅས་བྱས་ནས་ཚོང་རྟགས་གྲགས་ཅན་གྱི་ཁྲོམ་ར་ཇེ་ཆེ་ནས་ཇེ་ཆེར་བསྐྱེད་དེ་མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན་དར་སྤེལ་ལ་སྐུལ་འདེད་གཏང་རྩིས་ཡོད་ཟེར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...