སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་བ་བདེ་ལེགས་ངང་མཇུག་སྒྲིལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-6-25 15:02:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མཇུག་བསྡུ་བའི་མཛད་སྒོའི་ཡུལ་དངོས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལི་མིན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱེད་པ།
     སྤྱི་ཟླ6པའི་ཚེས23ཉིན་གྱི་དགོང་མོ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་བ་དང་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་སྐབས་དྲུག་པ་བདེ་ལེགས་ངང་མཇུག་སྒྲིལ་བ་དང་། དུས་ཡུན་ཉིན་བཞི་རིང་གི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་བསྡོམས་པས་མཉམ་ལས་རྣམ་གྲངས261ལ་གན་རྒྱ་བཞག་པ་དང་། དངུལ་གཏོང་སྤྱིའི་གྲངས་འབོར་སྒོར་དུང་ཕྱུར1500ཙམ་ལ་སླེབས་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལི་མིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བརྗོད་བྱ་ནི་སྒོ་འབྱེད་མཉམ་ལས། ལྗང་མདོག་འཕེལ་རྒྱས་ཞེས་པ་ཡིན་ཞིང་། དམིགས་ཡུལ་གཙོ་བོ་ནི་ཕྱི་ཕྱོགས་དང་མཉམ་ལས་བརྗེ་རེས་བྱེད་པའི་སྟེགས་བུ་འཛུགས་སྐྲུན་དང་རྒྱ་བསྐྱེད་དེ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་དང་མཉམ་ལས་ཀྱི་གོ་སྐབས་གསར་བ་འགྲེམ་སྟོན་གང་ལེགས་བྱ་ཆེད་ཡིན་ལ། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་བསྡོམས་པས་རྒྱལ་ཁབ་དང་ས་ཁུལ16དང་། རྒྱལ་ཁབ་ཀྱི་པུའུ་ཨུ9། ཞིང་ལྗོངས་དང་གྲོང་ཁྱེར29། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས3900བཅས་གདན་དྲངས་ཏེ་བསྡོམས་པས་སྐུ་མགྲོན་དང་ཚོང་བ13000ལྷག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཡོད་ཟེར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...