སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-25 10:30:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ2པའི་ཚེས24ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་དེ་ཆབ་ཆ་གྲོང་རྡལ་མཁར་བྱང་གི་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས་ཤིང་། གྲོས་ཚོགས་ཀྱི་འོས་ཞུགས་མི221དང་དངོས་ཞུགས་མི176ཡིན་ལ། ཁྲིམས་ལུགས་གཏན་འབེབས་ཀྱི་མི་གྲངས་དང་མཐུན།
     མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་བསོད་ནམས་དོན་གྲུབ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་རྒྱལ་ཆོས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་མེན། སྲིད་གྲོས་ཀྲུའུ་ཞི་གཞོན་པ་རྟ་མགྲིན་སྒྲོལ་མ་དང་། རིན་ཅན་མེན། ཏིང་ཀྱཱ་ཚང་ཀུན་བཟང་པདྨ་རྣམ་རྒྱལ། རྒྱ་བཟའ་ཚང་བློ་གསལ་རྒྱ་མཚོ། ལིན་ཅི་ཀྲོན། དྲུང་ཡིག་ཆེན་མོ་ལོས་ཅིན་སོགས་ཀྲུའུ་ཞིའི་སྟེགས་བུའི་མདུན་དུ་བཞུགས་ཤིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་རྒྱལ་ཆོས་ཀྱིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ་བ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྟ་མགྲིན་སྒྲོལ་མས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་གྲོས་ཞིབ་བྱ་བའི་གནས་ཚུལ་སྙན་ཞུར་ཕུལ།

     ཁུལ་གྱི་འགོ་ཁྲིད་ཏུའུ་ཁྲིན་ཀྲུང་དང་། ཨ་དགེ་འདུན། ལི་ཐིན་ཞང་། ལི་ཡུང་། ཡེ་ཝན་ལིན། ཁྲིན་ཧུང་ལིན། མཱ་ཅན་ཧོང་། དབྱང་ཁང་ཧུ། ཡིན་མུ་ལེ། ཀྲང་དབྱིན་དྲང་། དཔའ་ཆེན་རྒྱལ། གསེར་མཚོ། པདྨ་དོན་གྲུབ། དབྱང་ཀྲོའོ་ཆིན། ལིན་ཆིན་ཅི། ལོ་ཁྲང་ཉིན། ཁུལ་ཁྲིམས་ཁང་གི་འགོ་གཙོ་ཀོའོ་ཡོན། ཁུལ་ཞིབ་དཔྱོད་ཁང་གི་འགོ་གཙོ་ཙན་ཁྲུན་ཧྥང་སོགས་ཀྱང་གྲོས་ཚོགས་སུ་ཞུགས་ཡོད།
     གྲོས་ཚོགས་ཀྱི་སྐབས་སུ། ཚོགས་ཞུགས་ཨུ་ཡོན་རྣམ་པས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་འབྲེལ་ཡོད་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་རིང་གི་བྱ་བར་གདེང་འཇོག་ཆེན་པོ་གནང་བ་དང་མཚུངས་སུ། བསམ་འཆར་དང་ལྟ་ཚུལ་ལེགས་པོ་ཡང་མི་ཉུང་བ་བཏོན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...