སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-26 10:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་པ།

     སྤྱི་ཟླ2པའི་ཚེས25ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བརྒྱད་པ་དེ་ཆབ་ཆ་གྲོང་རྡལ་དུ་གཟབ་རྒྱས་ངང་བསྡུས།
     ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་གྲོས་ཚོགས་ལག་བསྟར་ཀྲུའུ་ཞི་ཏུའུ་ཁྲིན་ཀྲུང་གིས་གྲོས་ཚོགས་ལ་མདོ་འཛིན་མཛད་ཅིང་། གྲོས་ཚོགས་ལག་བསྟར་ཀྲུའུ་ཞི་ཀྲང་ཝུན་ཁོས་དང་། ཡིན་མུ་ལེ། ཀྲང་དབྱིན་དྲང་། དཔལ་ཆེན་རྒྱལ། གསེར་མཚོ། པདྨ་དོན་གྲུབ། དབྱང་ཀྲོའོ་ཆིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྡད་ལ། དེ་མིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་། མཚོ་ལྷོའི་དྲག་ཆས་པུའུ་སོགས་ཀྱི་འགོ་ཁྲིད་དང་། ཞིང་ཆེན་དམངས་ཆེན་གྱི་འཐུས་ཚབ་དང་ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག  མི་དམངས་མཐུན་ཚོགས་ཀྱི་འགན་ཁུར་བ། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་ཨུ་ཡོན། ཁུལ་སྲིད་གཞུང་གི་འབྲེལ་ཡོད་བྱ་བའི་སྡེ་ཁག་དང་ཞིང་ཆེན་དོ་དམ་ལས་ཁུངས་ཀྱི་འགན་ཁུར་བ། ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་དོན་ལས་སྡེ་ཁག  དམངས་གཉེར་ཁེ་ལས་ཀྱི་འགན་ཁུར་བ་སོགས་གྲོས་ཚོགས་སུ་ཞུགས།


ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ།

     གྲོས་ཚོགས་སུ་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་པ་དང་། སྙན་ཞུས་བསྟན་དོན། ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ནི་རང་ཁུལ་དང་རྒྱལ་ཡོངས་ཞིང་ཆེན་ཡོངས་དུས་མཉམ་ངང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་རྒྱལ་ཁ་ལོན་པའི་སྐབས་ཤིག་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་སྤེལ་ཁུལ་དང་གཙང་གསུམ་འབྱུང་ཡུལ་ལྗང་མདོག་ཐོན་ལས་རིལ་འདུས་འཕེལ་རྒྱས་ཕར་རྒོལ་གྱི་རྟེན་གཞི་བསྐྲུན་པའི་དུས་སྐབས་གལ་ཆེན་ཡིན་པར་བརྟེན། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དམངས་ཀྱི་བདེ་སྐྱིད་ཆུ་ཚད་མཐོར་འདེགས། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་འབེན་ཆེན་མོ་མངོན་འགྱུར་བྱེད་པར་དགེ་མཚན་ཤིན་ཏུ་ཆེ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...