སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀྲུང་གུང་མཚོ་ལྷོ་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Michung དུས་ཚོད། 2016-11-9 9:21:00 རྩོམ་ཁུངས། མཚོ་ལྷོའི་ཚགས་པར་ཁང་། ཀློག་གྲངས།

ཀྲུང་གུང་མཚོ་ལྷོ་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུས་པ།
     སྤྱི་ཟླ11པའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཁུལ་ཚོགས་ཆེན་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ཡིས་ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ《ཕྱོགས་ཡོངས་ནས་ཏན་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱས་ཏེ་མཚོ་ལྷོ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་རྟེན་གཞིར་བསྐྲུན་པར་འབད་བརྩོན་ལྷུར་ལེན་བྱེད་དགོས》ཞེས་པ་བརྗོད་གཞི་ཡིན་པའི་སྙན་ཞུ་ཕུལ།
ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ཡིས་ཁུལ་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་སྙན་ཞུ་འབུལ་བཞིན་པ།
     ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་ནན་ཏན་སྒོས་མཚོ་ལྷོ་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བྱ་བར་སྤྱི་བསྡོམས།  རྗེས་ཕྱོགས་ཀྱི་ལོ་ལྔའི་འབད་བརྩོན་གྱི་དམིགས་འབེན་དང་འགན་འཁྲི་གཙོ་བོ་ཞིབ་འཇུག་གཏན་འཁེལ་བྱས་ཤིང་།  ཀྲུང་གུང་མཚོ་ལྷོ་ཁུལ་གྱི་ཐེངས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་དང་ཀྲུང་གུང་མཚོ་ལྷོ་ཁུལ་གྱི་ཐེངས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་།  ཁུལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།  ཕྱོགས་ཡོངས་ནས“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ་དང་།  བློ་རྩ་བརྟན་པོ་དང་གསར་གཏོད་ཡར་བརྩོན་གྱིས་མཚོ་ལྷོ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་རྟེན་གཞིར་བསྐྲུན་པར་འབད་བརྩོན་ལྷུར་ལེན་བྱ་རྒྱུ་དེ་རེད།
ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལིས་ཞའོ་ལེན་གྱིས་ཚོགས་ཐོག་ཏུ་བྱ་བའི་སྙན་ཞུ་འབུལ་བཞིན་པ།

ཀྲུའུ་ཞིའི་སྟེགས་བུར་བཞུགས་པའི་མགོ་ཁྲིད་རྣམ་པ།
     ཐེངས་འདིའི་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཀྲང་ཝུན་ཁུའེ་དང་བསོད་ནམས་དོན་འགྲུབ། བང་ཅན་མེན། ཀུན་བཟང་། ལེའུ་ཐེན་ཞིང་། ཡན་ཁེང་ལེན། ཡེ་བེན་པེན། ཁྲིན་ཧུང་ལེན། མཱ་ཅན་ཧུང་། ཡང་ཧེ་ལུང་། ལེའུ་ཆིན་མེན། བང་ཞན་ཏུང་། ལེའུ་ཞོ་ལེན་བཅས་དང་ཀྲུའུ་ཞི་ཚོགས་པའི་ཚོགས་མི་ཀྲུའུ་ཞི་སྟེགས་བུར་བཞུགས།

ཚོགས་རའི་རྣམ་པ།
     ཀྲང་ཝུན་ཁུའེ་ཡིས་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྙན་ཞུ་རིམ་པ་དྲུག་ཏུ་བགར་ཏེ། གཅིག འདས་པའི་ལོ་ལྔའི་རིང་ལ་མཚོ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ཡོད་པ། གཉིས། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་བྱ་བའི་མཛུབ་སྟོན་བསམ་བློ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན། གསུམ། ཏན་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་སྟེ། མཆོང་སྐྱོད་འཕེལ་རྒྱས་ཀྱི་ཐད་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱེད་དགོས། བཞི། ཏན་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་སྟེང་རྒྱ་བསྐྱེད་དེ་རྣམ་པ་གསར་བ་གཏོད་པ། ལྔ། ཏན་ཏིག་གིས་དམངས་འཚོ་ལེགས་བཅོས་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པར་འགན་སྲུང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐད་ནས་མཆོང་བརྒལ་གསར་བ་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དྲུག  ཏན་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་བསྣན་ཏེ་ཏང་འཛུགས་ཀྱི་ཚན་རིག་རང་བཞིན་གྱི་ཆུ་ཚད་དེ་ཇེ་མཐོར་གཏོང་བའི་ཐད་ནས་རྣམ་པ་གསར་བའི་ཁྱད་ཆོས་མངོན་པར་བྱ་དགོས་པ་གསལ་བཤད་བྱས།

ཚོགས་རའི་ཡུལ་དངོས།
     ཀྲང་ཝུན་ཁུའེ་ཡིས་ལོ་ལྔའི་རིང་ལ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་སྐྱོང་བའི་ཇུས་གཞི་ཆེན་མོ་ནི་བྱ་སྤྱོད་དང་ཕྱོགས་སྟོན་དང་གཞི་རྩའི་སྲུང་བྱར་བཟུང་བ།རྒྱལ་ཁབ་ཀྱི་སྐོར་ཐེངས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་དང་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཐོག མཐུན་སྒྲིལ་འབད་འཐབ་དང་།འགག་སྒྲོལ་དཀའ་སེལ།གསར་གཏོད་ལས་སྤེལ།སྟོབས་ཤུགས་ཆེར་སྐྱེད་ཀྱིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ནི་སྔོན་ལས་བརྒལ་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡར་ཐོན་གྱི་རྣམ་པ་གསར་བ་བསྐྲུན་དགོས་ཞེས་བསྟན།

འཐུས་མི་རྣམ་པས་ནན་ཏན་གྱིས་ཡིག་ཆར་ལྟ་བཞིན་པ།
     ཀྲང་ཝུན་ཁུའེ་ཡིས་རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བའི་མཛུབ་སྟོན་གྱི་དགོངས་དོན་དང་གཞི་རྩའི་རྩ་དོན།འབད་བརྩོན་གྱི་དམིགས་འབེན་ནི།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཏེང་ཞའོ་ཕེང་གི་རིགས་པའི་གཞུང་ལུགས་དང་།  “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།  ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་བ་དང་།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་ལག་ལེན་བྱས་ཐོག “ཕྱོགས་ཡོངས་བཞིའི”འཐབ་ཇུས་སྒྲིག་གཞི་རྒྱུན་འཁྱོངས།  “འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་མོ་བཞི”སྲ་བརྟན་དུ་བཏང་ནས།  ཀྲུང་དབྱང་གི་བོད་ཁུལ་སྐྱོང་བའི་དམིགས་ཡུལ་གཙོ་བོ་དང་ཞིང་ཆེན་ཏང་ཨུས་མཚོ་སྔོན་སྐྱོང་བའི་ཇུས་གཞི་ཆེན་མོ་རྨང་གཞིར་བཟུང་ནས།  “ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ་དང་།  བློ་རྩ་བརྟན་པོ་དང་གསར་གཏོད་ཡར་བརྩོན་གྱིས་མཚོ་ལྷོ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་རྟེན་གཞིར་བསྐྲུན་པར་འབད་བརྩོན་ལྷུར་ལེན་བྱ་དགོས་པ་དང་།  ཁ་བྲལ་ལ་ངོ་རྒོལ་དང་ལྗང་མདོག་གི་འཕེལ་རྒྱས་རྨང་གཞི་བྱས་ཏེ།  དེང་རབས་སྐྱེ་ཁམས་ཀྱི་ཞིང་ཕྱུགས་ལས་གསོ་སྤེལ།  དག་གཙང་གི་ནུས་ཁུངས་ཐོན་ལས་གསར་བ།  རིག་གནས་ཡུལ་སྐོར།ཞབས་ཞུ་ལས་རིགས་བཅས་ཐོན་ལས་ཆེན་པོ་གསུམ་དར་སྤེལ།  དམངས་འཚོ་འགན་སྲུང་དང་།  སྐྱེ་ཁམས་སྲུང་སྐྱོང་།  སྤྱི་ཚོགས་བདེ་འཇགས།  ཏང་གི་འཛུགས་སྐྲུན་བཅས་འགན་འཁྲི་གཙོ་བོ་བཞི་ལ་སྐུལ་འདེད་བཏང་སྟེ།  2020ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

འཐུས་མིའི་མཉམ་པར།
     ཀྲུང་ཝུན་ཁུའེ་ཡིས་མཇུག་མཐར་བཤད་རྒྱུར།  མཛེས་སྡུག་གི་འཚོ་བའི་ཡིད་སྨོན་དེ་ནི་ང་ཚོའི་འབད་བརྩོན་གྱི་དམིགས་ཡུལ་ཡིན།ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་དར་ཆ་མཐོན་པོར་བསྒྲེངས་ནས་བློ་མཐུན་ཞི་ཅིན་ཕེང་གཙོར་བྱས་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ལ་མཐུན་སྒྲིལ་བྱས་ནས།  ཞིང་ཆེན་གྱི་ཡང་དག་པའི་མགོ་ཁྲིད་འོག་ཏུ་མཁྲེགས་གཏོར་དཀའ་སེལ་དང་།  ནུས་ཤུགས་ཧུར་ལེན།  ཐོག་མའི་ཀུན་སློང་མི་དོར་བར་མུ་མཐུད་མདུན་དུ་སྐྱོད་ནས།  མཚོ་ལྷོ་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་རྟེན་གཞིར་བསྐྲུན་པར་འབད་འབུངས་ཧུར་བརྩོན་བྱེད་དགོས་ཟེར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...