སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱི་སྐབས་བཅུ་བཞི་བའི་དམངས་འཐུས་ཚོགས་ཆེན་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Michung དུས་ཚོད། 2016-11-15 9:20:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་ཚགས་པར། ཀློག་གྲངས།

མཚོ་ལྷོ་ཁུལ་གྱི་སྐབས་བཅུ་བཞི་བའི་དམངས་འཐུས་ཚོགས་ཆེན་བསྡུས་པ།
     སྤྱི་ཟླ11པའི་ཚེས14ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁུལ་ཚོགས་ཆེན་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀླུ་འབུམ་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་མཛད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཝུན་ཁུའེ་དང་ཝང་ཅན་མེན། ཀླུ་འབུམ་རྒྱལ། གསེར་མཚོ། ལིན་ཆིན་ཅི། ཡང་ཀྲའོ་ཆིན། ཚེ་རིང་ཐར། ལྕགས་ཐར་འབུམ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་། མཚོ་ལྷོ་ཡན་ལག་དམག་ཁུལ་གྱི་ཚོགས་ཞུགས་དང་ཟུར་ཞུགས་ཀྱི་མགོ་ཁྲིད་རྣམས་ཀྱང་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། ཚོགས་ཆེན་དུ་མཚོ་ལྷོ་ཁུལ་དུ་ཡོད་པའི་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་དང་།  ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་ཚོགས་ཁག་གི་འགན་ཁུར་མི་སྣ།  ཁུལ་མི་དམངས་སྲིད་གཞུང་གི་མི་སྣ།  སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་དང་པོའི་ཨུ་ཡོན་དང་ཟུར་ཞུགས་མི་སྣ། ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་སྡེ་ཁག་དང་ཞིང་ཆེན་དོ་དམ་ལས་ཁུངས་ཀྱི་འགན་ཁུར་མི་སྣ།  ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་ལས་ཁུངས་དང་དམངས་གཉེར་ཁེ་ལས་ཁག་གི་འགན་ཁུར་མི་སྣ་བཅས་ཚོགས་འདུར་ཞུགས་ཡོད་ལ། ཚོགས་འདུར་ཞུགས་དགོས་པའི་འཐུས་མི249དང་དངོས་ཞུགས་འཐུས་མི237ཡོད་པ་རེད།

ཀྲུའུ་ཞི་སྟེགས་བུར་བཞུགས་པའི་ཁུལ་གྱི་མགོ་ཁྲིད་རྣམ་པ།


ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀླུ་འབུམ་རྒྱལ་གྱིས་མགོ་འཛིན་གནང་བཞིན་པ།
 

ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བཞིན་པ།
      ཚོགས་འདུའི་སྟེང་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་པ་དང་།  སྙན་ཞུ་རིམ་པ་གཉིས་ལ་བགར་ཡོད་ཏེ། གཅིག འདས་ཟིན་པའི་བྱ་བར་ཕྱི་མིག་བལྟས་ན་ཁག་སེལ་མདུན་སྐྱོད་ཀྱིས་གྲུབ་འབྲས་མངོན་གསལ་བླངས་ཡོད།གཉིས།མ་འོངས་པའི་ལོ་ལྔའི་འཆར་གཞི་བཟོས་ཤིང་དུས་ཀྱི་གནས་བབ་དང་བསྟུན་ནས་འདུན་མ་ཆེན་པོ་ཡང་བསྐྱར་བཏོན་པ་གསལ་བཤད་བྱས།
     སྙན་ཞུ་ལས་བསྟན་དོན། འདས་པའི་ལོ་ལྔ་ནི།  རང་སྐྱོང་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མ་ཡིན་པ་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་ལོ་ལྔ་དང་།  ཁུལ་ཡོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་ལ་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བའི་ལོ་ལྔ།  ཁུལ་ཡོངས་ཀྱི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་གི་ཐད་ནས་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བའི་ལོ་ལྔ།  ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལ་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བའི་ལོ་ལྔ།  ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བའི་ལོ་ལྔ།  ཁུལ་ཡོངས་ཀྱི་གྲོང་རྡལ་དང་ཡུལ་ཚོའི་འཕེལ་རྒྱས་ཀྱི་རྣམ་པ་ལ་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བའི་ལོ་ལྔ།  ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྣ་ཚོགས་ལ་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བའི་ལོ་ལྔ།  ཁུལ་ཡོངས་ཀྱི་དམངས་འཚོའི་འགན་སྲུང་ཆུ་ཚད་ལ་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བའི་ལོ་ལྔ།  ཁུལ་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཆུ་ཚད་ལ་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བའི་ལོ་ལྔ།  སྲིད་གཞུང་རང་རྐང་གི་འཛུགས་སྐྲུན་ཆུ་ཚད་བསྟུད་མར་མཐོར་འདེགས་བྱུང་བའི་ལོ་ལྔ་ཡིན།

ཚོགས་འདུའི་ཡུལ་དངོས།
     སྙན་ཞུ་ལས། ་མ་འོངས་པའི་ལོ་ལྔ་ནི་ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་ཞིག་ཡིན་ལ།  ཞིང་ཆེན་ཡོངས་ཀྱི་དམིགས་བསལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་སྔོན་ལ་ལག་བསྟར་བྱེད་པའི་ས་ཁུལ་དང་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འབྱུང་འཕྲོད་ཐོན་ལས་གཅིག་བསྡུས་སྒོས་འཕེལ་རྒྱས་གཏོང་བའི་རྟེན་གཞི་བསྐྲུན་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན།  མ་འོངས་པའི་ལོ་ལྔའི་སྲིད་གཞུང་བྱ་བའི་སྤྱིའི་བསམ་གཞིགས་ནི།  ཏང་གི་སྐབས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ།  ལྔ་བ།  དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་།  “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱས་ཏེ“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”བརྟན་པོར་བཙུགས་ཏེ།  ཀྲུང་དབྱང་གིས་བོད་ཁུལ་སྐྱོང་བའི་རྩ་དོན་གལ་ཆེན་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་སྐྱོང་བའི་གཞི་རྩའི་འཐབ་ཇུས་ལ་བརྩི་སྲུང་བྱས་པ་དང་།  “ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལ་དམིགས་ཤིང་ཁུལ་ཨུ་ཡོན་ལྷན་ཁང་གི“1234”འཕེལ་རྒྱས་ཀྱི་འཐབ་ཇུས་གཞིར་བཟུང་བ་དང་།  ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་སྔོན་ལ་ལག་བསྟར་བྱེད་པའི་ས་ཁུལ་དང་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འབྱུང་འཕྲོད་ཐོན་ལས་གཅིག་བསྡུས་སྒོས་འཕེལ་རྒྱས་གཏོང་བའི་རྟེན་གཞི་བསྐྲུན་པ་དམིགས་ཡུལ་བྱས་ཏེ།  བརྟན་ལྷིང་གི་ཁྲོད་དུ་འཕེལ་རྒྱས་གཏོང་བ་དང་།  ཁྱད་ཆོས་གསར་གཏོད་བྱས་ཏེ་སྤུས་ཀ་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཤིང་།  ཁྱད་ཆོས་ལྡན་པའི་ཐོན་ལས་ཆེན་པོ་གསུམ་གྱི་གསོ་སྐྱོང་དང་འཕེལ་རྒྱས་ལ་ཤུགས་འདོན་པ་དང་།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་རྡལ་ཅན་གྱི་འཕེལ་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བར་ཤུགས་འདོན་པ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་འདོན་པ།  དམངས་འཚོ་ལེགས་བཅོས་དང་དབུལ་སྒྲོལ་བརྟན་འཛུགས་ལ་སྐུལ་འདེད་བྱེད་པར་ཤུགས་འདོན་པ་དང་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།  2020ལོའི་བར་དུ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་དང་མཉམ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག
     མ་འོངས་པའི་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི།  ཐོན་སྐྱེད་བསྡོམས་ཐང་གི་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད8%ཡིན་པ་དང་།  ས་གནས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་ཆ་སྙོམས་ཀྱིས་ལོ་རེར7%འཕར་བ་དང་།  སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ཀྱི་རྒྱུ་ནོར་མ་རྩ་གཏོང་བའི་ཚད་ཆ་སྙོམས་ཀྱིས་ལོ་རེར12%འཕར་བ།  སྤྱི་ཚོགས་འཛད་སྤྱོད་རྫས་སིལ་འཚོང་གི་སྤྱིའི་བསྡོམས་འབོར་ཆ་སྙོམས་ཀྱིས་ལོ་རེར10%འཕར་བ།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་ཆ་སྙོམས་ཀྱིས་ལོ་རེར20%འཕར་བ།  སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བགོ་འགྲེམ་རུང་བའི་ཡོང་འབབ་ཀྱི་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད9%ཡིན་པ་དང་།  གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་གྱི་ཚད3.5%ཡི་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་པ་དང་།  ནུས་སྲི་སྙིགས་འཕྲི་བྱེད་ཚད་དེ་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཚད་དང་བསྟུན་ནས་ཚོད་འཛིན་བྱས་པ་ཡིན།  དེ་དང་མཉམ་དུ་ང་ཚོས་གཏིང་ཟབ་པའི་སྒོ་ནས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐབ་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཤིང་།  རང་འགུལ་གྱིས་སྒོ་ནས་ཐོན་ཁུངས་དང་།  སྐྱེ་ཁམས།བརྟན་ལྷིང་བཅས་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་གསུམ་དུ་རྐང་ཚུགས་ཤིང་།  འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་།  སྐྱེ་ཁམས་སྲུང་སྐྱོབ།དམངས་འཚོ་ལེགས་བཅོས།  ཏང་གི་འཛུགས་སྐྲུན་བཅས་ལོ་རྒྱུས་ཀྱི་འོས་འགན་བཞི་དམ་དུ་འཛིན་པ་གཞིར་བྱས་ཏེ།  དམིགས་བསལ་གྱིས་སྔོན་ལ་སྐྱེ་ཁམས་དང་འབྱུང་འཕྲོད་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་།  ཁྱད་ཆོས་བཏོད་དེ་སྤུས་ཀ་མཐོར་འདེགས་གཏོང་བ་དང་།  རྣམ་པ་བསྒྱུར་ཏེ་གོང་འཕེལ་གཏོང་བ་དང་།  བཅོས་བསྒྱུར་ལ་སྣེ་ཁྲིད་དང་གསར་གཏོད་བྱས་ཏེ་གོང་འཕེལ་གཏོང་བ་དང་།  དམངས་འཚོ་གཙོ་བོར་བཟུང་ཞིང་མཉམ་སྤྱོད་བྱས་ཏེ་གོང་འཕེལ་གཏོང་བ།  གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ངང་གོང་འཕེལ་གཏོང་བ་དང་།  ཁྲིམས་ལྟར་ཁུལ་སྐྱོང་བ་དང་།  འཆམ་མཐུན་སྒོས་གོང་སྤེལ་གཏོང་བ།  ཏང་སྐྱོང་ནན་མོ་བྱེད་པ་དང་རྩ་དོན་ཆེན་མོ་བདུན་གྱི་རྩ་དོན་དང་མཛད་ཕྱོགས་གོང་འཕེལ་གཏོང་བར་འགན་སྲུང་བྱེད་པ་དང་།  སྐྱེ་ཁམས་དཔལ་ཡོན་གྱི་ཐེམ་སྐས་གསར་བ་ཞིག་ཏུ་བརྒལ་བ་དང་།  དཔལ་འབྱོར་འཕོ་འགྱུར་གྱི་གོམ་སྟབས་གསར་བ་བསྒྱུར་བ།  དམངས་ཀྱི་བདེ་སྐྱིད་ཀྱི་ཚད་ཇེ་ཆེར་གཏོང་བ།  ཁྲིམས་ལྟར་བདག་སྐྱོང་བྱེད་པར་ནུས་ཆོད་གསར་བ་ཡོད་པ།  ལམ་ལུགས་དང་སྒྲིག་སྲོལ་གྱི་གསོན་ཤུགས་གསར་བ་མངོན་པ།  ཏང་གི་འཛུགས་སྐྲུན་གྱི་གསར་གཏོད་ཀྱི་རྣམ་པ་གསར་བ་བཏོད་པ་བཅས་འཕེལ་རྒྱས་ཀྱི་དམིགས་ཚད་ཆེན་པོ་དྲུག་མངོན་འགྱུར་བྱུང་བར་འབད་བརྩོན་བྱེད་དགོས།
     སྙན་ཞུ་ལས་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པ་ཞིག་ནས།  མཚོ་ལྷོའི་མ་འོངས་པའི་མཛེས་སྡུག་བསྐྲུན་པར།  ང་ཚོའི་ཕྲག་ཏུ་འགན་འཁྲི་ཆེན་པོ་ཞིག་ཡོད།  དེའི་སྟབས་ཀྱིས་ང་ཚོས་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ལམ་སྟོན་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྷོད་མེད་ཀྱི་དབུ་ཁྲིད་འོག  སྙིང་སྟོབས་ཆེར་སྐྱེད་དང་།  སྟོབས་ཤུགས་གཅིག་སྒྲིལ།  གསར་གཏོད་གདོང་མཆོངས་བཅས་ཀྱི་སྙིང་སྟོབས་འཁྱེར་ནས།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་གྱི་རྒྱལ་ཁའི་ཆེད་དུ་ཧུར་བརྩོན་བྱེད་དགོས་ཞེས་འབོད་སྐུལ་བཏང་། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...