སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་གིས2017ལོའི་ཁོར་སྲུང་དང་ནགས་ལས་བྱ་བའི་གྲོས་ཚོགས་བསྡུས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-14 8:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
ཚོགས་རའི་ཡུལ་དངོས།
         རྒྱལ་ཁབ་དང་ཞིང་ཆེན་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སྔར་ལས་ལག་བསྟར་དོན་འཁྱོལ་བྱ་བའི་ཆེད་དང་ཕྱོགས་ཡོངས་ནས༼ཏན་ཏན་ཏིག་ཏིག་བཞིའི༽བླང་བྱ་དང༼བསྒྱུར་དགོས་པ་བཞི༽ཡིས་མཚོ་སྔོན་གྱི་སྲིད་སྐྱོང་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཏེ། མུ་མཐུད་དུ་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་བྱ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་གོང་འཕེལ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་སྐྱོད་ཁུལ་དང་མང་རྫོང་འཛུགས་སྐྲུན་གྱི་གོམས་སྟབས་ལྔ་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ་ལོ་འདིའི་ནང་དབུལ་ཞྭ་ཕུད་པ་མངོན་འགྱུར་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་རྒྱལ་བཤེར་དམིགས་ཡུལ་བདེ་བླག་ངང་འགྲུབ་ཆེད། ཟླ4བའི་ཚེས12ཉིན། མང་རྫོང་གིས2017ལོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་བྱ་བའི་གྲོས་ཚོགས་བསྡུས། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྒྱལ་ལོ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་། ཚོགས་འདུའི་སྟེང་རྫོང་གཏོགས་ལས་ཁུངས་སོ་སོ་དང་། ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་འབྲེལ་ཡོད་ལས་ཁུངས། མང་རྫོང་རྩྭ་ལས་ཀུང་ཟིའི་ལས་བགོས་འགོ་ཁྲིད་དང་རྣམ་གྲངས་འགན་ཁུར་བ། ཞང་གྲོང་རྡལ་སྲིད་གཞུང་གི་འགན་ཁུར་བའམ་ལས་བགོས་འགོ་ཁྲིད་སོགས་མི250ཚོགས་འདུར་ཞུགས་ཡོད།
གན་རྒྱ་འཇོག་པའི་ཡུལ་དངོས།
        ཚོགས་འདུའི་སྟེང་། རྫོང་མི་དམངས་སྲིད་གཞུང་གིས་རྫོང་ཁོར་སྲུང་ཅུས་དང་ཞང་གྲོང་རྡལ་དྲུག མང་རྫོང་རྩྭ་ལས་ཀུང་ཟི་བཅས་ཀྱི་བར་དུ2017ལོའི་ཁོར་ཡུག་སྲུང་སྐྱོང་བྱ་བ་དང་། ནགས་ལས་ཐོན་སྐྱེད་བྱ་བ། ནགས་ལས་གནོད་ལྡན་སྐྱེ་དངོས་སྔོན་འགོག་བྱ་བ་བཅས་ཀྱི་གན་རྒྱ་བཞག
        ཚོགས་འདུ་ཡིས། རྒྱལ་ཡོངས་དང་ཞིང་ཆེན་ཁུལ་ཡོངས་ཀྱི2017ལོའི་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་བྱ་བའི་ཚོགས་འདུའི་དགོངས་དོན་ལ་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས་ནན་ཏན་གྱིས་སློབ་སྦྱོང་རྒྱུན་འཁྱོངས་བྱེད་པ་དང་སྔར་ལས་གཏིང་ཟབ་པའི་སྒོ་ནས་ཚོགས་འདུའི་དགོངས་དོན་གྱི་ངོ་བོ་མིའི་སེམས་སུ་འཇགས་སུ་འཇུག་པ། ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་བྱ་བའི་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་བཅོས་བསྒྱུར་གྱི་རྣམ་པས་ཁོར་ཡུག་ནགས་ལས་བྱ་བའི་འཛུགས་སྐྲུན་ཏན་ཏིག་སྒོས་བསྒྲུབ་དགོས་པ་བསྟན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...