སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་སུམ་མདོ་གྲོང་རྡལ་གྱིས་རྩྭ་ས་བཀག་སྡོམ་བྱ་བའི་ཚོགས་འདུ་བསྡུས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-31 15:48:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
         གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་མང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་རྩྭ་ས་བཀག་སྡོམ་བྱ་བར་བཏོན་པའི་བླང་བྱ་ལྟར། སུམ་མདོ་གྲོང་རྡལ་གྱིས་ཟླ5པའི་ཚེས26ཉིན། གྲོང་རྡལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་བདག་སྐྱོང་བ271ལྷག་རྩ་འཛུགས་བྱས་ཏེ་བྲ་མ་རྒྱ་རིའི་ས་ཁུལ་དུ་རྩྭ་ས་བཀག་སྡོམ་བྱ་བའི་བཀོད་འདོམས་པུའུ་བཙུགས་པར་མ་ཟད། ད་དུང་སྐུལ་སློང་ཚོགས་འདུ་བསྡུས།
         ཚོགས་འདུའི་སྟེང་། ཞིང་ཕྱུགས་ལས་རིགས་བྱ་བའི་ཁག་བགོས་འགོ་ཁྲིད་ཀྱིསསུམ་མདོ་གྲོང་རྡལ་གྱི་རྩྭ་ཐང་སྐྱེ་ཁམས་བདག་སྐྱོང་དོ་དམ་བྱེད་ཐབསདངསུམ་མདོ་གྲོང་རྡལ་གྱི་རྩྭ་ཐང་སྐྱེ་ཁམས་བདག་སྐྱོང་བྱ་བའི་འགན་འཁྲིསྒྲོག་འདོན་བྱས་ཏེ། སྡེ་བ་སོ་སོའི་བདག་སྐྱོང་བའི་སྔར་ལས་ལྷག་པའི་སྒོ་ནས་རྩྭ་ས་བཀག་སྡོམ་ས་ཁུལ་ལ་དོ་དམ་ནན་མོ་བྱེད་དགོས་བའི་བླང་བྱ་བཏོན། ཟླ5བའི་ཚེས25ཉིན་ནས་བཟུང་། རྩྭ་ས་བཀག་སྡོམ་བྱ་བའི་བཀོད་འདོམས་པུའུ་རུ་ལས་རེས་བྱེད་དགོས་པ་དང་དུས་ཚོད24རིང་སྐོར་ཞིབ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཤིང་། གྲོང་རྡལ་གྱིས་དུས་ངེས་མེད་ནང་ལས་རེས་བྱེད་པའི་བྱ་བར་ཞིབ་བཤེར་དང་ལྟ་རྟོག་བྱེད་རྒྱུ། ལས་རེས་བྱས་པ་ནན་ཏན་མིན་པ་དང་གཟབ་ནན་མིན་པ་དག་དུས་ཐོག་ཏུ་སྐྱོན་བརྗོད་དང་། དཔལ་འབྱོར་གྱི་ཆད་པ་གཅོད་པའི་བྱ་ཐབས་ལག་ཏུ་བསྟར་ཏེ། རྩྭ་ས་བཀག་སྡོམ་བྱ་བའི་འགན་འཁྲི་བདེ་བླག་ངང་ལེགས་འགྲུབ་བྱུང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...