སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་དམངས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་མགོ་བརྩམས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-16 9:40:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

 མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་དམངས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་མགོ་བརྩམས།
མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་དམངས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་མགོ་བརྩམས།

     སྤྱི་ཟླ1པོའི་ཚེས15ཉིན་གྱི་ཕྱི་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས་ཤིང་། ཐེངས་འདིའི་གྲོས་ཚོགས་སུ་འབྱོར་ཐོ་བཀོད་པའི་འཐུས་མི206དང་། དངོས་སུ་འབྱོར་བའི་འཐུས་མི203ཡོད་ལ། གྲོས་ཚོགས་སུ་ཞུགས་པའི་འཐུས་མིའི་མི་གྲངས་དེ་ཁྲིམས་འབེབས་ཀྱི་དགོངས་དོན་དང་མཐུན།
     མཛད་སྒོའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཝུན་ཁོས་དང་། ཀླུ་འབུམ་རྒྱལ། གསེར་མཚོ། ལིན་ཆིང་ཅི། དབྱང་ཀྲའོ་ཆིང་། ཚེ་རིང་ཐར་བཅས་ཀྲུའུ་ཞིའི་མདུན་གྲལ་དུ་བཞུགས་ཤིང་། མཛད་སྒོའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅན་མིན་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད།
     གྲོས་ཚོགས་སུ་ཡིག་ངོས་ནས་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སློབ་སྦྱོང་བྱས།

     གྲོས་ཚོགས་སུ་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ《སྲིད་གཞུང་གི་བྱ་བའི་སྙན་ཞུ》ཕུལ་ཞིང་། སྲིད་གཞུང་གི་བྱ་བའི་སྙན་ཞུར་ཁག་གཉིས་འདུས་ཏེ། 2017ལོའི་བྱ་བར་ཕྱིར་དྲན་དང་། 2018ལོའི་བྱ་བའི་སྤྱི་ཁོག་བཀོད་སྒྲིག་དང་ལས་འགན་བྱེད་ཐབས་ཡིན།
     ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས2017ལོའི་བྱ་བར་ཕྱིར་དྲན་བྱེད་དུས་གསུང་རྒྱུར། འདས་པའི་ལོ་གཅིག་ནི་རང་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་དཀའ་ལས་ཤིན་ཏུ་ཆེ་ཞིང་འགྲན་སློང་ཧ་ཅང་དྲག་པའི་ལོ་གཅིག་ཡིན། རྙོག་འཛིང་ཆེ་བའི་སྤྱི་ཁོག་ཁོར་ཡུག་དང་དཔལ་འབྱོར་འཕར་ཚད་མར་ཆག་པའི་གནོན་ཤུགས་བསྟུད་མར་ཇེ་ཆེར་སོང་བའི་གནས་བབ་ཀྱི་མདུན་དུ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་རྒྱུན་འཁྱོངས་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང“བསྒྱུར་བ་བཞིའི”བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཐབས་ལམ་མང་བོ་མཉམ་སྤྱོད་ཀྱིས་བརྟན་བརླིང་ངང་འཕེལ་བ་དང་། གོང་འཕེལ་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག  སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ། ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་མཚོ་ལྷོ་ནས་རྩ་བ་ཚུགས་ཏེ་འབྲས་བུ་སྨིན་པར་སྐུལ་འདེད་ནུས་ལྡན་བཏང་བར་བརྟེན། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མ་ཆད་པར་ཇེ་བཟང་། དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་འབུར་དུ་ཐོན་པ་བཅས་ཀྱི་གནས་ཚུལ་བཟང་བོ་མངོན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་བགྲོད་ལམ་སྟེང་ཡང་བསྐྱར་གོམ་པ་གང་མདུན་དུ་སྤོས་ཡོད།
     ལོ་ཧྲིལ་བོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་བསྡོམས་ཐང་སྒོར་དུང་ཕྱུར147ལེགས་འགྲུབ་བྱུང་ཞིང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་འཇོག་སྒོར་དུང་ཕྱུར161ལེགས་འགྲུབ་བྱུང་བ་དང་། ཁུལ་ཡོངས་སུ་དམངས་འཚོའི་དངོས་དོན་བཟོ་བཀོད20ལེགས་འགྲུབ་བྱུང་ཞིང་དམངས་འཚོའི་འགྲོ་སྒོ་སྒོར་དུང་ཕྱུར76.14ལ་སླེབས་ཏེ་སྤྱིའི་འགྲོ་སྒོའི78.7%ཟིན།  དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཤིང་།  ཐུན་ཏེ་རྫོང་གི“དབུལ་ཕོངས་ཞྭ་མོ་ཕུད་པའི”ལས་འགན་དང་།  གྲོང་ཚོ35ཡི་མི་ཁྲི་ཚོ1.06གི་དབུལ་ཐར་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་བྱུང་།
     འདས་པའི་ལོ་གཅིག་གི་རིང་ནི། ཁུལ་ཡོངས་སུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུའི་དགོངས་དོན་དང་།  ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། “འདུ་ཤེས་བཞི”ཡིད་ལ་བརྟན་པོར་ཉར་ནས་རང་རྟོགས་ལག་བསྟར་བྱེད་པ། སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་བོ་ཆགས་སུ་བཅུག་ཐོག “བདེ་འཇགས་མཚོ་ལྷོ”དང་།“ཁྲིམས་སྐྱོང་མཚོ་ལྷོའི”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་དང་། ཏང་སྲོལ་སྲིད་གཙང་དང་བྱ་བའི་སྤྱོད་ཚུལ་མུ་མཐུད་དུ་མཐོར་འདེགས་སུ་བྱུང་།


ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་འབུལ་བཞིན་པ།

     2018ལོའི་བྱ་བར་བཀོད་སྒྲིག་བྱེད་དུས། ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་ཚུགས་པའི་ལོ་ཡིན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྒྱལ་ཁའི་ཕུ་ཐག་གཅོད་པ་དང་། “ལྔའི་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་གནད་འགག་གི་ལོ་ཞིག་ཡིན། ཁུལ་ཨུའི་སྤྱི་ཁོག་བཀོད་སྒྲིག་ལྟར། ད་ལོའི་སྲིད་གཞུང་བྱ་བའི་སྤྱི་ཡོངས་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ཐོག  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བསྟེན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཡིད་ལ་བརྟན་པོར་ཉར་ནས་ལག་བསྟར་དངོས་འབེབས། བརྟན་བརླིང་ཡར་ཐོན་དང་ཁྱད་གཏོད་སྤུས་འདེགས་ཀྱི་བྱ་བའི་སྤྱི་ཡོངས་བསམ་གཞི་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད། “ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་དང“བསྒྱུར་བ་བཞིའི”བྱེད་ཐབས་ལག་བསྟར་ནན་ཏན་བཅས་བྱས་ཏེ། བརྟན་པོའི་ངང་འཕར་བ་དང་། བཅོས་སྒྱུར་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག  དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། མ་འཇོག་སྐུལ་ཁྲིད་དང་། གྲུབ་ཚུལ་ལེགས་སྒྲིག  སྐྱེ་ཁམས་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན། དམངས་འཚོ་ལེགས་བཅོས། བཅོས་སྒྱུར་སྒོ་འབྱེད་སོགས་གཙོ་གནད་ལས་འགན་ཆེན་པོ་དྲུག་ཤུགས་ཆེན་པོས་དམ་འཛིན་བཅས་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འགན་ལེན་དང་། མཚོ་ལྷོས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་བསྐྲུན་པའི་ཕྱོགས་ནས་གྲུབ་འབྲས་གསར་བ་ལེན་པར་འགན་ལེན་བྱ་རྒྱུ་དེ་ཡིན།
     དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ཐོན་སྐྱེ་བསྡོམས་ཐང་གི་ཕྱོགས་ནས་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ལས་འགན་ལེགས་འགྲུབ་བྱས་ཐོག  སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་ཚད7.5﹪འཕར་བ་དང་། ས་གནས་སྤྱི་བའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ7.5﹪འཕར་བ། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར8.5﹪འཕར་བ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ20﹪འཕར་བ། ཡུལ་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ7﹪འཕར་བ། གྲོང་རྡལ་གྱི་ལས་ཞུགས་མི་གྲངས3700གསར་སྣོན་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་གཞན་བསྒྱུར་ལས་ཞུགས་མི་ཐེངས་ཁྲི་ཚོ6དང་། ཟོག་གོང་འཕར་ཚད3﹪ནང་དུ་ཚོད་འཛིན་དང་། ནུས་སྲི་སྙིགས་འཕྲི་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་དམིགས་ཚད་ཀྱི་ནང་དུ་ཚོད་འཛིན་བྱ་རྒྱུ་བཅས་ཡིན།

     ད་ལོར། གཤམ་གསལ་ཕྱོགས་བདུན་གྱི་བྱ་བ་དམ་འཛིན་ལེགས་པོ་བྱེད་དགོས་ཏེ། 1.ལས་གཞིའི་མ་འཇོག་སྔར་ལས་ལྷག་པའི་སྒོ་ནས་རྒྱ་བསྐྱེད་དེ། འདེགས་སྐྱོར་འགན་སྲུང་སྔར་ལས་ངར་ཤུགས་ལྡན་པར་སྐུལ་འདེད་གཏོང་དགོས། 2.གོམ་གང་མདུན་སྤོས་ཀྱིས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་། དཔལ་འབྱོར་སྤུས་ཀ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱེད་དགོས། 3.གོམ་གང་མདུན་སྤོས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། ལྗང་མདོག་འཕེལ་རྒྱས་སྔར་བས་བརྟན་ཅིང་ནུས་པ་ཐོན་པར་སྐུལ་མ་བྱེད་དགོས། 4.གོམ་གང་མདུན་སྤོས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མངའ་ཁོངས་གཅིག་གྱུར་འཆར་འགོད་བྱས་ཏེ། ས་ཁུལ་གྱི་འཕེལ་རྒྱས་སྔར་བས་མཐུན་སྦྱོར་དང་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས། 5.གོམ་གང་མདུན་སྤོས་ཀྱིས་གནད་འཕིགས་དབུལ་ཐར་གཅིག་ཏུ་བསྡུས་ཤིང་། དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་བཏང་ནས་སྔར་བས་དྲང་གཞག་ཡོང་བ་བྱེད་དགོས། 6.བཅོས་བསྒྱུར་སྒོ་འབྱེད་སྔར་བས་ཟབ་སྤེལ་བཏང་ནས་ལམ་ལུགས་དང་སྒྲིག་སྲོལ་ལ་སྔར་བས་གསོན་ཤུགས་ལྡན་པར་སྐུལ་འདེད་གཏོང་བ། 7.གོམ་གང་མདུན་སྤོས་ཀྱིས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། སྲིད་གཞུང་གི་བྱ་བ་སྔར་བས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ།

     གྲོས་ཚོགས་སུ། མཚོ་ལྷོ་ཁུལ2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་ཟིན་གྱི་སྙན་ཞུ(ཡིག་ངོས)། མཚོ་ལྷོ་ཁུལ2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་མ་ཟིན་གྱི་སྙན་ཞུར(ཡིག་ངོས)གཟན་པ་ཡིན།
     གྲོས་ཚོགས་སུ་ལག་པ་བཀྱགས་ནས་གྲོས་ཐག་གཅོད་པའི་རྣམ་པར་བརྒྱུད། མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་འདེམ་བསྐོའི་བྱ་ཐབས(འཆར་ཟིན)དང་། མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་ཀྲུའུ་རེན་ཨུ་ཡོན་གསབ་གདམ་བྱ་ཐབས(འཆར་ཟིན)སྐོར་ལ་གྲོས་མཐུན་བྱུང་།
     ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་མི་དམངས་ཚོགས་པ་སོ་སོའི་འགན་ཁུར་བ། ཁུལ་སྲིད་གཞུང་གི་ཁོངས་མི། སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན། མཚོ་ལྷོའི་ཡན་ལག་དམག་ཁུལ། ཁུལ་སྲིད་གཞུང་གི་འབྲེལ་ཡོད་བྱ་བའི་སྡེ་ཁག་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་སྡེ་ཁག་གི་འགན་ཁུར་བ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ། ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་ལས་རིགས་སྡེ་ཁག་གི་འགན་ཁུར་བ། དམངས་གཉེར་ཁེ་ལས་འགའི་འགན་ཁུར་བ་སོགས་བསྡོམས་པས་མི297གྲོས་ཚོགས་སུ་ཟུར་ཞུགས་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...