སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལིག་ཉིང་གིས་ནགས་ཚོགས་གཏོར་འཇོམས་ལས་དོན་ལ་སྔར་བས་ཤུགས་སྣོན་དགོས་ཚུལ་བསྟན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-19 13:58:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     ཉེ་སྔོན། མཚོ་སྔོན་ཞིང་ཆེན་ནགས་ཚོགས་གཏོར་བཅོམས་ཆེད་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱ་བསྐྱེད་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་བསྡུས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཏང་ཨུའི་ཧྲུའུ་ཅི་ལིག་ཉིང་གིས་ཚོགས་འདུར་འགོ་འཛིན་བྱས་ཤིང་གཏམ་བཤད། ཁོའི་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་དང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ནན་གྱིས་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བྱས་ཏེ། ཆབ་སྲིད་ལངས་གནས་ཇེ་གཏོར་གཏོང་བ་དང་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།  གནད་འགག་ལས་རིམ་གཅིག་བསྡུས་བཅས་བྱས་ཏེ། དུས་རབས་གསར་པ་དང་འགན་ཁུར་གསར་པ། བྱེད་ཕྱོགས་གསར་པ་བཅས་ཀྱི་བླང་བྱ་ལྟར་དུ། ནག་ཚོགས་གཏོར་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལས་དོན་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་གཏང་དགོས་ཟེར།
     ལིག་ཉིང་གིས་བསྟན་དོན། ནག་ཚོགས་གཏོར་འཇོམས་ཆེད་དོན་འཐབ་རྩོད་ནི་དེང་རབས་ཀྱི་དགོས་མཁོ་དང་དམངས་སེམས་ཀྱི་འདོད་བློར་མཐུན་ཞིང་།  ཁྲིམས་སྐྱོང་གི་དབང་ཟིལ་མངོན་ཐུབ་པའི་རླབས་ཆེན་གྱི་འཐབ་རྩོད་ཅིག་ཡིན། ས་གནས་སྡེ་ཁག་སོ་སོས་ཆབ་སྲིད་བརྩི་བའི་སྔོན་འགྲོའི་འོག་ཏུ། མི་དམངས་སྲོག་ཤིང་ཡིན་པའི་བསམ་བློ་རྒྱུན་འཁྱོངས་དང་། ཤུགས་ཆེན་པོས་དོ་མཉམ་མིན་པ་དང་གཅིག་གྱུར་མིན་པ། བྱ་བའི་གོང་འོག་སྦྲེལ་མཐུད་མིན་པ། སྟོབས་ཤུགས་གིས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་པ་བཅས་ཀྱི་སྟེང་དུ་དུས་ཚོད་གང་ཡོད་བཏོན་ནས་ཕན་འབྲས་ལོན་པར་བརྩོན་ལེན་བྱ་དགོས་ཟེར།
     ལིག་ཉིང་གིས་ནན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་ནི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་མཐུད་ཀྱི་དམག་འཐབ་ཞིག་ཡིན་པས། ས་གནས་དང་སྡེ་ཁག་སོ་སོས་ངེས་པར་དུ་གནད་འགག་ལས་རིམ་ལ་གོ་བ་ཡང་དག་ལེན་པ་དང་བྱ་བའི་གནད་ས་འབུར་དུ་ཐོན་པར་བྱེད་པ། ལམ་སྲོལ་འཐུས་ཚང་དུ་གཏོང་བར་བཀོད་སྒྲིག་བཅས་བྱས་ཏེ། ཆེད་དམིགས་འཐབ་རྩོད་ལས་དོན་ཐོག་མཐའ་བར་གསུམ་ཀུན་ཏུ་བརྟན་པོ་དང་ཚད་ལྡན། ཕན་འབྲས་ལྡན་པ་བཅས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།
     མཚོ་སྔོན་ཞིང་ཆེན་ནག་ཚོགས་གཏོར་འཇོམས་ཆེད་དོན་འཐབ་རྩོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཐིན་ཅཱ་ཚའེ་དང་ཀྲང་ཞི་མེན། ཝང་ཡུས་ཡན། ཝང་ཀྲིན་ཧྲིན། ཁྲིན་མེན་ཀོ ཡན་པའེ་བཅས་ཚོགས་འདུར་ཞུགས་པར་མ་ཟད། ཞིབ་ཕྲའི་བཀོད་སྒྲིག་བྱས།
     གྲོས་ཚོགས་ལས་གྲོང་ཁྱེར་དང་ཁུལ་སོ་སོས་ནག་ཚོགས་གཏོར་འཇོམས་བྱ་བའི་ཆེད་དམིགས་ལས་དོན་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ནག་ཚོགས་གཏོར་འཇོམས་ཆེད་དོན་འཐབ་རྩོད་ཀྱི་སྐོར་ཞིབ་ལྟ་སྐུལ་གཉིས་པའི་གནས་ཚུལ་ཁྱབ་སྒྲོག་བྱས། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...