སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-14 9:49:00 རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀློག་གྲངས།
     ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་ཕྱི་ཚུལ་རིང་ལུགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་ཡོད།
     བརྡ་ཐོའི་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་མེད་པ་བཟོ་བའི་ཐད་གལ་ཆེའི་འཛུབ་སྟོན་རབ་དང་རིམ་པ་གནང་ཡོད། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་ནས། སྤྱི་ལོ2019ལོར་གཞི་རིམ་ལ་དཀའ་ངལ་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་མཚན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྔར་ལས་ལེགས་པའི་སྒོ་ནས་གཞི་རིམ་ལས་བྱེད་པའི་ཁུར་པོ་ཡང་དུ་གཏོང་བ། རྒྱ་ཆེའི་ལས་བྱེད་པས་འགན་འཁྲི་འཁུར་ནས་ལས་དོན་སྒྲུབ་པ། འབད་འཐབ་ལྷོད་མེད་བྱེད་པ་བཅས་ལ་སྐུལ་ལྕག་བྱེད་ཆེད། ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་མོས་མཐུན་གནང་བ་བརྒྱུད། སྤྱི་ལོ2019ལོ་དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོར་བརྩི་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་བསྟན་ཡོད་པ་དང་། བརྡ་ཐོའི་ནང་། ལས་དོན་བླང་བྱ་ཁག་ལྔ་བཏོན་ཡོད་པ་སྟེ། 
     གཅིག་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་སྣེ་ཁྲིད་བྱས་ནས་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཏང་གཤིས་གཙང་མ་མེད་པ་དང་། སྲིད་དོན་གྲུབ་འབྲས་ལྟ་བ་ནོར་བའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཏིང་ཟབ་ཏུ་གཏོང་བ་དང་ཁོང་དུ་ཆུད་པ། བརྗེ་སྒྱུར་བྱ་རྒྱུ་བཅས་ཀྱི་ཐད་ཤུགས་སྣོན་རྒྱབ་ནས། རིག་གཞུང་སློབ་སྦྱོང་གི་ཕན་འབྲས་དེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ནུས་པ་མཐོ་རུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བྱེད་པ། ཏང་གི་བྱ་བཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་མངོན་པ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པ་བཟོ་རྒྱུ་དེ་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཡིན་པའི་ཆ་ནས། ཏང་ཡོན་ལས་བྱེད་པས་ཏང་གི་དམིགས་འབེན་སེམས་ལ་བརྟན་པོར་ངེས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་སྲིད་དོན་གྲུབ་འབྲས་ལྟ་བ་འཛུགས་པ། གོང་ལ་འགན་འཁུར་བ་དང་གཤམ་འོག་ལ་འགན་འཁུར་རྒྱུ་གཅིག་གྱུར་བྱེད་པ་བཅས་བྱེད་དགོས། མགོ་ཁྲིད་ལས་ཁུངས་སྟེ། དང་ཐོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་འགོ་ཚུགས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་དང་། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། གཞི་རིམ་ལ་དཀའ་ངལ་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་ནས། གཙོ་གནད་ཐོག་བསམ་བློའི་ལྟ་བ་དང་། ལས་ཀའི་སྤྱོད་ཚུལ། མགོ་ཁྲིད་བྱ་ཐབས་བཅས་ཀྱི་ཐོག་ནས་འབྱུང་རྩ་འཚོལ་བ་དང་། བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་པོ་དང་གསལ་པོ་བཟོ་བ་དང་། ཆིན་ལིང་རི་བོའི་བྱང་རྒྱུད་ཀྱི་ཞི་ཨན་ས་ཁོངས་ནང་གི་ཁྲིམས་འགལ་ངང་འཛུགས་སྐྲུན་བྱས་པའི་སྤྲོ་ཁང་གནད་དོན་གྱི་བསླབ་བྱ་བསྡུ་ལེན་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་སྐབས་ནན་ཏན་མེད་པ་དང་། དངོས་སྒྲུབ་མེད་པ། ཤུགས་སྣོན་མི་རྒྱག་པ། འབོད་ཚིག་སྒྲོག་པ་ལས་བྱ་སྤྱོད་མི་སྤེལ་བ་བཅས་ཀྱི་གནད་དོན་བཀག་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ། ནན་ཏན་ངང་འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་། སྲུང་སྐྱོང་གཉིས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
     གཉིས་ནས་རིམ་པ་བཞིན་ཡིག་ཆ་བཀྲམ་པ་དང་། རིམ་པ་བཞིན་ཚོགས་འདུ་འཚོགས་རྒྱུ་ཚོད་འཛིན་ནན་པོ་བྱས་ནས། ཡིག་ཆ་དང་ཚོགས་འདུ་མང་བའི་གནད་དོན་བསྐྱར་དུ་ལོག་རྒྱུ་གཙོ་གནད་དུ་ཐག་གཅོད་བྱ་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ཞིབ་ཕྲའི་ལག་བསྟར་སྲོལ་ཡིག་གི་སྙིང་སྟོབས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་བང་རིམ་ནས་འགོ་ཚུགས་ཏེ། རིམ་པ་བཞིན་ཡིག་ཆ་དང་ཚོགས་འདུ་ཉུང་དུ་ཤུགས་ཆེན་བཏང་ནས། རྫོང་རིམ་པ་མན་ལ་སྤྲོད་པའི་ཡིག་ཆ་དང་། སྐོང་འཚོགས་བྱེད་པའི་གྲོས་ཚོགས30%ནས50%བར་ཉུང་དུ་གཏོང་རྒྱུ་འགན་སྲུང་བྱ་དགོས། ཀྲུང་དབྱང་ནས་པར་འགྲེམས་བྱེད་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་རྩ་དོན་ཐོག་ནས་ཤོག་ལྷེ་བཅུ་ལས་མི་བརྒལ་བ་བྱ་རྒྱུ་དང་། ས་གནས་དང་སྡེ་ཁག་གིས་ཀྱང་དེ་ལ་གཞིགས་ནས་ཚོད་འཛིན་ནན་པོ་བྱ་དགོས། ཚོགས་འདུ་ཉུང་ཙམ་འཚོག་པ་དང་། དུས་ཡུན་ཐུང་ཙམ་འཚོགས་པ། ཕན་ཐོགས་ཡོད་པའི་ཚོགས་འདུ་འཚོག་དགོས། ཚོགས་འདུའི་གཞི་ཁྱོན་དང་། རྒྱས་འཛོམས་གྲོས་ཚོགས་ཀྱི་གཞི་ཁྱོན་གང་བྱུང་དུ་རྒྱ་ཆེར་གཏོང་མི་ཆོག་པ་དང་། ཚོགས་འདུ་ཟླ་སྒྲིལ་བཏང་ནས་འཚོག་པ་དང་། ཕྱོགས་བསྡུས་བྱས་ནས་འཚོག་རྒྱུ་དར་སྤེལ་གཏོང་བ། བརྙན་འཕྲིན་ཁ་པར་ཚོགས་འདུ་དང་། དྲ་བའི་བརྙན་མཐོང་ཚོགས་འདུ་སོགས་ཀྱི་རྣམ་པ་བེད་སྤྱོད་མང་ཙམ་བྱས་ཏེ། ཚོགས་འདུའི་ནུས་འབྲས་མཐོ་རུ་གཏོང་དགོས། གོམ་གང་མདུན་སྤོས་ངང་ཚོགས་འདུའི་གཞུང་ཡིག་གི་ལམ་ལུགས་སྒྱུར་བཅོས་བྱེད་པ་དང་། ས་གནས་དང་ལས་ཁུངས་ཁག་ཅིག་འདེམས་ནས་ཡིག་ཆ་དང་ཚོགས་འདུ་མང་བ་བཅོས་སྒྲིག་བྱེད་པའི་ཚོད་ལྟའི་ལས་ཀ་སྤེལ་དགོས།
     གསུམ་ནས་འཆར་གཞིའི་དོ་དམ་དང་ལྟ་སྐུལ་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ལྟ་སྐུལ་ཞིབ་བཤེར་དང་། དཔྱད་ཞིབ་བྱ་རྒྱུ་མང་དྲགས་པའི་གནད་དོན་གཙོ་གནད་ཀྱིས་ཐག་གཅོད་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ལས་དོན་གཅིག་འགྱུར་འཆར་འགོད་དང་ཚད་ལྡན་བཟོ་དགོས་པའི་སྐོར་གྱི་བརྡ་ཐོ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། སྤྱི་འབོར་ཚོད་འཛིན་ནན་པོ་བྱེད་པ་དང་། ལོ་འཁོར་གྱི་འཆར་གཞི་དང་། ཞིབ་མཆན་ཐོ་འགོད་ལམ་ལུགས་ལག་བསྟར་བྱ་དགོས།
     བཞི་ནས་འགན་འཁྲི་འདྲི་རྩད་ལམ་ལུགས་དང་སྐུལ་ལྕག་སེམས་ཁུར་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། ལས་བྱེད་པས་འགན་འཁྲི་འཁུར་མི་ཕོད་པའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱ་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཐོག་བདེན་འཚོལ་དང་། སྒྲིག་སྲོལ་དང་སྒྲིག་ཁྲིམས། ཁྲིམས་ལུགས་བཅས་ལ་བརྟེན་ནས་འགན་འཁྲི་འདྲི་རྩད་ནན་པོ་བྱེད་པ། འགན་འཁྲི་འདྲི་རྩད་ཚད་ལྡན་བཟོ་བ། འགན་འཁྲི་འདྲི་རྩད་གནད་ལ་འཁེལ་བ། འགན་འཁྲི་འདྲི་རྩད་ཟབ་ནན་བཅས་བྱས་ནས། འགན་འཁྲི་འདྲི་རྩད་གཅིག་བྱས་ཚེ། ཕྱོགས་མང་པོར་ཉེན་བརྡ་གཏོང་ཐུབ་པའི་ཕན་འབྲས་ངོ་མ་ཐོན་པ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་འདྲི་རྩད་སྲོལ་ཡིག་ལ་བཟོ་བཅོས་བྱས་ཡོད། འགན་འཁྲི་འདྲི་རྩད་ནུས་ལྡན་མེད་པ་དང་འགན་འཁྲི་འདྲི་རྩད་སྟབས་བདེ་ཅན་དུ་འགྱུར་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་དགོས། འགན་འཁྲི་འདྲི་རྩད་བྱས་པའི་ལས་བྱེད་པར་ལྟ་སྟངས་ཡང་དག་བཟུང་ནས། ཤུགས་རྐྱེན་ཀྱི་དུས་ཡུན་ཐིམ་པ་དང་། མངོན་ཚུལ་ཡག་པའི་ལས་བྱེད་པར། འབྲེལ་ཡོད་ཆ་རྐྱེན་དང་མཐུན་ཚེ། བེད་སྤྱོད་གཏོང་དགོས་པ་རྣམས་བེད་སྤྱོད་གཏོང་དགོས། སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཐེར་འདོན་ཞུ་གཏུག་ཐག་གཅོད་བྱེད་པའི་ལས་ཀའི་སྲོལ་ཡིག་བཟོས་ནས། ཏང་ཡོན་གྱི་ཁེ་དབང་འགན་ལེན་དང་། དུས་ཐོག་ཏུ་ལས་བྱེད་པར་དག་སེལ་དཀར་འདོན་བྱེད་པ་དང་། མ་ཉེས་ཁ་གཡོག་བྱས་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་དགོས།
     ལྔ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། གཞི་རིམ་ལ་དཀའ་ངལ་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་འགན་ལེན་ནུས་ལྡན་བྱ་དགོས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...