སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས།
རྩོམ་པ་པོ། བྱམས་པས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-18 10:11:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།


རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྟག་ཚ་སྤྲུལ་སྐུས་བཅར་འདྲི་དང་ལེན་བྱས།

     ད་ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྤྲུལ་སྐུ་ནི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནང་ཞུགས་ཐེངས་གཉིས་པ་ཡིན། ཁོས་ད་ལོར་བཏོན་པའི་གྲོས་གཞི་ནི་རྔ་བ་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་དམངས་འཚོའི་གནད་དོན་ལ་དོ་ཁུར་བྱེད་དགོས།
གཞུང་ལམ་དྲ་བ་འཛུགས་སྐྲུན་སོགས་གྲོས་གཞི་གཞི་རྩ་ཆ་ནས་དོན་འཁྱོལ་བྱུང་།
     ན་ནིང་། སྟག་ཚ་སྤྲུལ་སྐུས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་གནད་སྨིན་དབུལ་སྐྱོར།  གཞུང་ལམ་དྲ་བ་འཛུགས་སྐྲུན་སྐོར་གྱི་གྲོས་གཞི་བཏོན་པར། འབྲེལ་ཡོད་པུའུ་ཨུས་ལན་ཐོབ། དེ་ལས་གནད་དོན་ཁ་ཤས་ཐག་གཅོད་བྱས་ཟིན།
     དཔེར་ན། གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞུང་ལམ་དྲ་བ་འཛུགས་སྐྲུན་སྐོར་གྱི་གྲོས་གཞི་ཐད། བགྲོད་ལམ་ཆེན་པོ་ཁ་ཤས་ལས་འགོ་བརྩམས་ཟིན་པ་མ་ཟད། གྲ་སྒྲིག་གི་བྱ་བ་བསྒྲུབས་ཚར། དཔེར་ན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་ནས་གཟི་རྩ་སྡེ་དགུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་གྲོས་གཞི་དེ་འཛུགས་སྐྲུན་དུས་རིམ་དུ་སླེབས། ཡང་དཔེར་ན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དབུན་ཁྲོན་རྫོང་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་བྲང་དགོན་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་གྲོས་གཞི། མིག་སྔར་དབུན་ཁྲོན་རྫོང་ནས་ཟུང་ཆུ་རྫོང་གཙོ་ཚང་དགོན་པའི་བར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཆེད་ཐོ་བཀོད།
     བྱེ་ཐང་བཅོས་སྐྱོང་སྐོར་གྱི་ལས་ཀའི་གྲོས་གཞི་ཐད། སྟག་ཚ་སྤྲུལ་སྐུས་བརྗོད་དོན། “བྱེ་ཐང་བཅོས་སྐྱོང་བྱེད་པ་ནི་སི་ཁྲོན་ནུབ་བྱང་ས་ཁུལ་དང་འབྲེལ་བ་མ་ཟད། ཀན་ལྷོ་ཁུལ་སོགས་ས་ཁུལ་ལ་འབྲེལ་བ་ཆེན་པོ་ཡོད། འབྲེལ་ཡོད་པུའུ་ཨུད་ཀྱིས་མཐོང་ཆེན་ཚད་མཐོ་གནང་། ལྷག་པར་དུ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་དེ་ད་ལོར་གཞི་རིམ་དུ་ཆེད་ལས་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ་བྱ་རྒྱུའི་གྲ་སྒྲིག་ཡོད།”
     སྟག་ཚ་སྤྲུལ་སྐུས་བརྗོད་རྒྱུར། ཁོང་གིས་ན་ནིང་བཏོན་པའི་གྲོས་གཞི་གཞི་རྩའི་ཐོག་ལན་ཐོབ་དོན་འཁྱོལ་བྱུང་། ཁ་ཤས་ད་དུང་སྔར་བཞིན་རྗེས་འདེད་དོ་ཁུར་བྱེད་བཞིན་ཡོད།
ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས།
     ཙུང་ལི་ལི་ཁེ་ཆང་གིས《2019ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་ལས་དོན་སྙན་ཞུར》ནན་བཤད་གནང་དོན།  “ང་ཚོས་ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས། ཆོས་ལུགས་སྡེ་ཁག་གི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ཐད་ཀྱི་ནུས་པ་བཟང་པོ་འདོན་སྤེལ་བྱེད་དགོས།”
     “ངའི་བསམ་པར་ཙུང་ལིའི་བརྗོད་པ་ཧ་ཅང་ཡག་པོ་བྱུང” སྟག་ཚ་སྤྲུལ་སྐུས་དཔེར་བཞག་སྟེ་བརྗོད་རྒྱུར། “གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ནང་། ང་ཚོ་ཆོས་ལུགས་མི་སྣ་དང་ཆོས་ལུགས་ཚོགས་པའི་ཁེ་དབང་དང་འོས་འགན་གསལ་བོ་གནང་སྟེ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། འདི་ནི་ཆོས་ལུགས་ཁྱབ་ཁོངས་སུ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་འདེགས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཡིན། གོམ་སྟབས་རྗེས་མར་ཆོས་ལུགས་ཚོགས་པའི་འཛུགས་སྐྲུན་དང་། ཆོས་ལུགས་སློབ་གླིང་འཛུགས་སྐྲུན། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཡོང་སྲིད།”

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...