སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབའ་རྫོང་གིས“སྒྲོག་གཅིག་སྒྲུབ་གཉིས་སྐུལ་གསུམ”བྱ་འགུལ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-27 11:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      ཉེ་ཆར། འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ལས་བྱེད་བརྒྱ་ལྷག་གཞི་རིམ་དུ་སོང་ནས“སྒྲོག་གཅིག་སྒྲུབ་གཉིས་སྐུལ་གསུམ”གྱི་བྱ་འགུལ་སྤེལ།
      བྱ་འགུལ་ཁྲོད། སྡེ་སྡོད་བྱ་བའི་ཚོ་ཆུང་གིས་སྡེ་བ་སོ་སོར་སྒྲོག་འགྲེལ་བྱེད་པའི་འཆར་གཞི་གཏན་འབེབས་གནང་ཞིང་། “སྒྲོག་གཅིག་སྒྲུབ་གཉིས་སྐུལ་གསུམ”སྐུལ་སློང་ཚོགས་འདུ་འཚོགས་ཏེ་སྒྲོག་འགྲེལ་བྱས།
      སྒྲོག་འགྲེལ་བྱ་བ་དེ་བློ་སྐྱོར་དང་རིག་སྐྱོར། དྲིན་འཇལ་བ་དང་སློབ་གསོ་བྱེད་པ། ནག་འཇོམས་ངན་སེལ་སོགས་ཀྱི་བྱ་བར་སྦྲེལ་ནས། གཙོ་བོ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་ལས་གཏན་འབེབས་བྱས་པའི་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་རབ་དང་རིམ་པ་དང་། རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ་སྒྲོག་འགྲེལ་བྱེད་དགོས།
     ནང་སྒོས་སུ་ཤང་སྡེ་དར་རྒྱས་འཐབ་ཇུས་དང་ལྔ་བྷཞི་འཐབ་ཇུས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་འདོམས་ལག་བསྟར་དང་། གནད་འཁེལ་དབུལ་སྐྱོར་དང་ཞིང་སྡེ་ཁོར་ཡུག་ལེགས་བཅོས། ཞིང་སྡེ་བཅོས་སྒྱུར་འཕེལ་རྒྱས་ལ་སོགས་པའི་ཐད་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འབེབས་གནང་བའི་ཕྱུགས་ལས་ཀྱི་ཁུལ་ཆེན་པོ་བསྐྲུན་པའི་འཐབ་ཇུས་བཀོད་འདོམས། དེ་མིན། ད་ལོའི་དོན་ཆེན20སྡེ་བྷ་རེ་རེར་དྲིལ་སྒྲོག་བྱས།       
     རོང་འབྲོག་མང་ཚོགས་ཀྱིས་ཤང་སྡེ་དར་རྒྱས་འཐབྷ་ཇུས་ལག་ལེན་ལ་གོ་བ་ཟབ་མོ་ལེན་དུ་བཅུག་པ་དང་། དུས་མཚུངས་སུ་སྡེ་བྷ་རིམ་པའི་འཕེལ་རྒྱས་འཆར་བཀོད་གཏན་འབེབས་བྱེད་པར་རོགས་རམ་དང་། རོགས་སྐྱོར་ལས་གཞི་དང་རོགས་སྐྱོར་དངོས་རྫས་བརྩོན་ལེན་བྱས་ཏེ། ཐུན་མོང་གིས་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་དབུལ་ཐར་གྲུབ་འབྲས་ལ་རྨང་གཞི་བརྟན་པོ་འཛུགས་པའི་ཆོད་སེམས་བསྟན། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...