སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2019ལོར་མི་སེམས་དྲོ་བོར་བཟོ་བའི་དམངས་ཚིས་དོན་ཆེན10ལག་བསྟར་བྱ་རྒྱུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-3 11:27:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
གཅིག ཞིང་ཆེན་ཡོངས་ནས་དབུལ་ཐར་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད།
     དབུལ་ཕོངས་རྫོང17དང་དབུལ་ཕོངས་སྡེ་བ170། དབུལ་ཕོངས་མི་གྲངས་ཁྲི7.7གྱི་དབུལ་ཐར་མངོན་འགྱུར་བྱས་ཏེ། ལོ་མཇུག་ལ་ཞིང་ཆེན་ཡོངས་ནས་དབུལ་ཐར་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད།
གཉིས། ལས་ཞུགས་བཟོ་སྐྲུན་ཇེ་བརྟན་དུ་གཏང་རྒྱུ་རེད།
     ལས་ཞུགས་བརྟན་པོ་ཡོང་བར་དམིགས་ནས། གཙོ་བོ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་ཞིང་པ་ཞོར་ལས་པ། དམག་ཁོངས་ལས་བུད་པའི་དམག་མི་དང་ལས་ཤོར་མི་སྣ་སོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུ་རེད། ཞིང་དང་གྲོང་རྡལ་གྱི་ངལ་རྩོལ་པ་ཁྲི8ཀྱི་རྩལ་ནུས་གཙོ་སྦྱོང་བྱེད་པ་དང་། མཁར་གྲོང་ལ་ལས་ཞུགས་མི་སྣ་ཁྲི6གསར་སྣོན་བྱེད་པ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཁྲི105ཡི་ལས་ཞུགས་སྤོ་སྒྱུར་ལེགས་འགྲུབ་བྱ་རྒྱུ་རེད།
གསུམ། དམངས་ཕན་རང་བཞིན་གྱི་བྱིས་གཉོར་སློབ་གསོའི་ལས་གཞི་རྒྱ་བསྐྱེད་རྒྱུ་རེད།
     བྱིས་གཉོར་ཁང28གསར་སྐྲུན་དང་རྒྱ་ཇེ་ཆེར་བཏང་སྟེ། བྱིས་གཉོར་དགེ་རྒན་དང་བུ་གཉོར་མ་ཁྲི1.4ལ་ཁ་གསབ་བྱེད་རྒྱུ་རེད།
བཞི། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལས་གཞི་ལེགས་སྒྱུར་བྱ་རྒྱུ་རེད།
     འོས་འགན་སློབ་གསོའི་སློབ་གྲྭ40གསར་སྐྲུན་དང་རྒྱ་བསྐྱེད་དེ། ཞིང་ཆེན་གཙང་གསུམ་མགོ་ཁུངས་མི་རིགས་སློབ་འབྲིང(དུས་རིམ་གཉིས་པའི་འཛུགས་སྐྲུན)ལས་གཞི་ལག་བསྟར་བྱས་ཏེ། ལས་རིགས་ལག་རྩལ་སློབ་གྲྭ20ཡིས་ཁྱད་ལྡན་ཆེད་ལས་གསར་སྣོན་བྱེད་པར་རོགས་འདེགས་བྱ་རྒྱུ་རེད།
ལྔ། དམངས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་རེད།
     གྲོང་ཁྱེར་གྱི་སྡོད་ཁང་ཐབས་ཆག་ཁུལ་ཁྲི1སྒྱུར་བཀོད་དང་མཁར་གྲོང་གི་སྡོད་ཁུལ་རྙིང་པ་ཁྲི3གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱེད་པ། རོང་འབྲོག་པའི་སྡོད་ཁང་རྙིང་པ་དང་འཇིག་ཉེན་ཡོད་པའི་ཁང་ཆག་ཁྲི1.5། རོང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལ་ཕྱོགས་བསྡུས་ལེགས་བཅོས་བྱེད་པའི་ལས་གཞི་ལག་བསྟར་བྱ་རྒྱུ་རེད།
དྲུག དམངས་ཡོངས་ཀྱི་བདེ་ཐང་བཟོ་སྐྲུན་ཇེ་ལེགས་སུ་གཏང་རྒྱུ་རེད།
     ཞིང་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་སྨན་བཅོས་འགན་དངུལ་ཚད་གཞི་མུ་མཐུད་དུ་མཐོ་རུ་གཏང་རྒྱུ་རེད། ཟླ6ནས24བར་གྱི་བྱིས་པ་ཁྲི10ལ་བཅུད་ལྡན་ཟ་མ་རིན་མེད་སྒོས་འདོན་སྤྲོད་དང་། རོང་འབྲོག་ཁུལ་གྱི་བུད་མེད་ཁྲི15ལ“སྐྲན་གཉིས”རིན་མེད་སྒོས་ཞིབ་བཤེར་བྱེད་པ། བུད་མེད་ཁྲི5ལ་སྨན་འདབ་སྐྱུར(叶酸)རིན་མེད་སྒོས་གསབ་སྣོན་བྱ་རྒྱུ་རེད། རྒྱལ་དམངས་ཀྱི་ལས་ཁུངས་བརྟག་དཔྱད་ས་ཚིགས40གསར་སྐྲུན་དང་། བརྟག་དཔྱད་མི་གྲངས་ཁྲི4ཁ་སྣོན་བྱེད་པ། ཞིང་དང་གྲོང་རྡལ། སྡེ་བ། སྡོད་ཁུལ། དགོན་པ100ལ་ལས་ཕུང་སྦྱོང་རྡར་གྱི་སྒྲིག་ཆས་བཀོད་སྒྲིག(གསར་བརྗེ)བྱ་རྒྱུ་རེད།
བདུན། རྒན་གསོའི་མ་དངུལ་ཇེ་མཐོར་གཏང་རྒྱུ་རེད།
     རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། རིགས་སོ་སོའི་ལས་འཁྱུར་ངལ་གསོ་པའི་རྒན་གསོའི་མ་དངུལ་མཐོ་རུ་གཏང་རྒྱུ་རེད། ཞིང་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་རྒན་གསོའི་ཉེན་སྲུང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ལོ65ནས69དང70ཡན་གྱི་རྒན་གསོའི་འགན་སྲུང་ཁྲོད་ཞུགས་ཡོད་པའི་རྒན་པར་ཟླ་རེར་མ་མཐའི་རྒན་གསོའི་མ་དངུལ་སྒོར5ནས10ཁ་སྣོན་བྱ་རྒྱུ་རེད། སྡོད་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས10དང་ཞིང་སྡེའི་རོགས་རེས་བདེ་སྐྱིད་གླིང50གསར་སྐྲུན་དང་རྒྱ་བསྐྱེད་བྱ་རྒྱུ་རེད།
བརྒྱད། དཀའ་ཁག་ཆེ་བའི་མང་ཚོགས་ལ་སྔར་ལས་ཐུགས་ཁུར་བྱ་རྒྱུ་རེད།
     ཞིང་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏང་རྒྱུ་རེད། དབུལ་ཐར་སྨན་བཅོས་རོགས་སྐྱོབ་ལམ་ལུགས་བཙུགས་ནས་དབང་པོ་སྐྱོན་ཅན་གྱི་བྱིས་པ3200ལ་རིན་མེད་སྒོས་བདེ་ཐང་ཞབས་ཞུ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་དང་སློབ་ཆེན་འགྲིམས་པའི་དབང་པོ་སྐྱོན་ཅན་སློབ་མ300ལ་སློབ་གསོའི་རོགས་དངུལ་གནང་རྒྱུ། ཞིང་དང་གྲོང་རྡལ་གྱི་དམིགས་གསལ་དཀའ་ཁག་ཅན་གྱི་བུད་མེད་ནད་པ“སྐྲན་གཉིས”300རོགས་རམ་བྱེད་པ། ཆ་རྐྱེན་དང་མཐུན་པའི་དཀའ་ཁག་ཅན་གྱི་མང་ཚོགས་ལ་ཁྲིམས་ལུགས་རོགས་སྐྱོབ་ཀྱི་གྱོད་གཞི9000བསྒྲུབ་རྒྱུ་རེད།
དགུ། གཞི་མ་ཡག་ཤོས་བཟོ་སྐྲུན་ཞེས་པ་ལག་བསྟར་བྱ་རྒྱུ་རེད།
    “མཛེས་པའི་མཁར་གྲོང”10དང“མཐོ་སྒང་གི་མཛེས་པའི་ཞིང་སྡེ”300། ཞིང་སྡེ500ཡི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་དང་། ཞིང་ཆེན་རིམ་པའི་ནགས་ཚལ་མཁར་གྲོང5གསར་སྐྲུན་དང་སློབ་གླིང35ལྗང་སྒྱུར་ལས་གཞི་ལག་བསྟར་བྱ་རྒྱུ་རེད། “སྤྱོད་ཁང་བཅོས་སྒྱུར”གྱི་ལོ་གསུམ་ལས་འགུལ་འཆར་འགོད་ལ་སྐུལ་འདེད་ཟབ་སྤེལ་བྱས་ཏེ། ཞིང་དང་གྲོང་རྡལ་གྱི་སྤྱི་སྤྱོད་གསང་སྤྱོད་ཁང་། རོང་འབྲོག་ས་ཁུལ་དང་ཡུལ་སྐོར་ལྗོངས་ཁུལ་གྱི་སྤྱོད་ཁང་རིགས་མི་འདྲ་བ་ཁྲི7གསར་སྐྲུན་དང་རྒྱ་བསྐྱེད་རྒྱུ་རེད།
བཅུ། ཞིང་ཕྱུགས་ཐོན་རྫས་གྱི་སྤུས་ཚད་མ་ལག་མཐོ་རུ་གཏོང་བའི་བཟོ་སྐྲུན་ལ་སྐུལ་འདེད་བྱ་རྒྱུ་རེད།
     ཞིང་སྨན་ལུད་རྫས་ཀྱི་གྲངས་ཉུང་ནུས་མཐོའི་ལས་འགུལ་འགོ་བརྩམས་ཏེ། ཞིང་སྨན་ལུད་རྫས་སྤྱོད་ཚད་ལོ་སྔོན་མ་ལས20%ཇེ་ཉུང་ལ་གཏང་རྒྱུ་རེད། ནོར་ལུག་གི་རྒྱུད་ཁུངས་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་ས་ཚིགས་ལ་སྐུལ་འདེད་བྱས་ཏེ། གྲོང་ཁྱེར(ཁུལ)རིམ་པའི་རྒྱུད་ཁུངས་དོ་དམ་སྟེགས་བུ4དང་རྫོང་རིམ་པའི་རྒྱུད་ཁུངས་དོ་དམ་སྟེགས་བུ10། མཉམ་ལས་ཁང་དང་གཞི་རྒྱ་ཆེ་བའི་གསོ་སྤེལ་ཁང་གི་ཆ་འཕྲིན་འཚོལ་བསྡུ་ས་ཚིགས200། བཤས་རའི་རྒྱུད་ཁུངས་ལས་སྣོན་བྱེད་པའི་ཆ་འཕྲིན་འཚོལ་བསྡུ་ས་ཚིགས10གསར་སྐྲུན་བྱ་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...