སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནག་དངུལ་དག་འབུད་རྒོལ་རྡུང་དེ་དངུལ་རྩ་གཏན་འཇགས་སོགས་ཐད་ཀྱི་དོན་སྙིང་གལ་ཆེན་དང་ནུས་པ་གལ་ཆེན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-29 11:12:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     2019ལོའི་ཟླ3པར། དངུལ་རྩའི་བྱ་སྤྱོད་དམིགས་བསལ་ལས་དོན་ཚན་ཆུང(FATF)གིས《ཀྲུང་གོའི་ནག་དངུལ་དག་འབུད་རྒོལ་རྡུང་དང་འཇིགས་སྐུལ་དངུལ་བསྡུ་ལ་རྒོལ་བའི་ཕན་ཚུན་དཔྱད་འཇོག་སྙན་ཞུ》བརྡས་ཐག་བཅད་ཅིང་། སྙན་ཞུས་ཀྲུང་གོའི་ཉེ་བའི་ལོ་འགའི་ནང་ནག་དངུལ་དག་འབུད་རྒོལ་རྡུང་བྱ་བའི་ཐད་བླངས་པའི་ཡར་སྐུལ་འཕེལ་སྟངས་ལ་ཡོངས་སུ་ཁས་ལེན་གནང་བ་སྟེ། ཀྲུང་གོའི་ནག་དངུལ་དག་འབུད་རྒོལ་རྡུང་མ་ལག་ལ་རྨང་གཞི་ལེགས་པོ་ལྡན་པར་སྙམ་པ་དང་། རང་རྒྱལ་ནི་ཨ་རི་དང་ཁ་ན་ཏ་སོགས་རྒྱལ་ཁབ་དང་རིམ་མཉམ་གྱི་དྲག་སྒྱུར་རྗེས་མཐུད་ཚོད་འཛིན་བྱེད་ཐབས་རིམ་གྲས་སུ་འཇོག་རྒྱུ་ཡིན་ལ། འདིས་རང་རྒྱལ་བདེ་བླག་ངང་འཁོར་བཞི་བའི་ཕན་ཚུན་དཔྱད་འཇོག་ལ་བརྒྱུད་པ་མཚོན།
     《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་ནག་དངུལ་དག་འབུད་ལ་རྒོལ་རྡུང་དང་། འཇིགས་སྐུལ་དངུལ་བསྡུ་ལ་རྒོལ་རྡུང་། ཁྲལ་གཡོལ་ལ་རྒོལ་བའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་གྱི་བསམ་འཆར་གྱི་སྐོར》དངོས་སུ་དཔར་འགྲེམ་དང་ལག་བསྟར་གནང་། 《རྒོལ་གསུམ་བསམ་འཆར》ལས་བསྟན་དོན། ནག་དངུལ་དག་འབུད་རྒོལ་རྡུང་དང་འཇིགས་སྐུལ་དངུལ་བསྡུ་རྒོལ་རྡུང་། ཁྲལ་གཡོལ་རྒོལ་རྡུང་ལྟ་སྐུལ་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་དང་དེང་རབས་དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་སྐུལ་འདེད་དང་དཔལ་འབྱོར་སྤྱི་ཚོགས་བདེ་ཐང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་སྲུང་གལ་ཆེན་ཡིན་ལ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལ་ཟབ་ཞུགས་དང་། དངུལ་རྩའི་ལས་རིགས་ཕྱོགས་གཉིས་སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...