སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནག་དངུལ་དག་འབུད་རྒོལ་རྡུང་བྱ་བའི་ཕན་འབྲས་གཙོ་བོ་གང་དག་ཡོད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-30 10:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     2006ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནག་དངུལ་དག་འབུད་རྒོལ་རྡུང་ཁྲིམས་ལུགས》ཁྱབ་བསྒྲགས་བྱས་པ་ནས་བཟུང་། རང་རྒྱལ་གྱི་ནག་དངུལ་དག་འབུད་རྒོལ་རྡུང་འོས་འགན་ལས་ཁུངས་ཀྱིས་ཀྲུང་གོའི་མི་དམངས་དངུལ་ཁང་དང་དེའི་ཡན་ལག་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་དང་ཁྲིད་སྟོན་འོག ཁྲིམས་ལུགས་ཀྱི་ཕྱོགས་སྟོན་ལ་བསྟུན་ཏེ་ཕྱོགས་ཡོངས་ནས་ནག་དངུལ་དག་འབུད་རྒོལ་རྡུང་བྱ་བ་སྤེལ་ཞིང་། ལོ་ངོ་བཅུ་ལྷག་གི་འབད་བརྩོན་བརྒྱུད། ནག་དངུལ་དག་འབུད་རྒོལ་རྡུང་ཆུ་ཚད་དེ་རྒྱལ་སྤྱིའི་ཚད་གཞི་ལ་བསླེབས་པ་མ་ཟདFATF/IMFརྒྱལ་སྤྱིའི་ཆེད་མཁས་པའི་ཁས་ལེན་ཐོབ།
     མུ་མཐུད་དུ་ནག་དངུལ་དག་འབུད་ཀྱི་ནག་ཉེས་ཁྲིམས་འཛུགས་དག་བཅོས་བྱས་ཏེ། ཅུང་འཐུས་ཚང་བའི་ནག་དངུལ་དག་འབུད་ལ་རྒོལ་བའི་ཉེས་དོན་ཁྲིམས་ལུགས་མ་ལག་བཙུགས།
ནག་དངུལ་དག་འབུད་རྒོལ་རྡུང་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་བཙུགས་པ།
     མི་དམངས་དངུལ་ཁང་གིས་སྣེ་ཁྲིད་དེ་ནག་དངུལ་དག་འབུད་རྒོལ་རྡུང་བྱ་བའི་སྡེ་ཁག་མཉམ་འབྲེལ་གྲོས་ཚོགས་བཙུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག  རྒྱལ་ཡོངས་ཀྱི་ནག་དངུལ་དག་འབུད་རྒོལ་རྡུང་བྱ་བར་ཕྱོགས་སྟོན་གནང་བ་ཡིན་ལ། རྒྱལ་ཁབ་ཀྱི་ནག་དངུལ་དག་འབུད་ལ་རྒོལ་བའི་བྱེད་ཕྱོགས་དང་སྲིད་ཇུས་སྒྲིག་བཟོ་བྱེད་པ་དང་། རྒྱལ་ཁབ་ཀྱི་ནག་དངུལ་དག་འབུད་རྒོལ་རྡུང་རྒྱལ་སྤྱིའི་མཉམ་འབྲེལ་གྱི་སྲིད་ཇུས་བྱེད་ཐབས་སྒྲིག་བཟོ་བྱས་ཏེ། སྡེ་ཁག་སོ་སོར་མཐུན་སྦྱོར་དང་། སྤྱི་ཚོགས་ཡོངས་སྐུལ་སློང་སྒོས་ནག་དངུལ་དག་འབུད་བྱ་བ་སྤེལ་བ་ཡིན།
ནག་དངུལ་དག་འབུད་ལ་རྒོལ་བའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ།
     ཀྲུང་གོས2002ལོར་ནག་དངུལ་དག་འབུད་རྒོལ་རྡུང་བྱ་བའི་སྡེ་ཁག་མཉམ་འབྲེལ་གྲོས་ཚོགས་བཙུགས་པ་ནས་བཟུང་། འཇིགས་སྐུལ་དཔྱད་འཇོག་དང་། ཆེད་དོན་དཔྱད་འཇོག  ཉེན་ཁ་ཞིབ་འཇུག་སོགས་ཚུད་པའི་རིམ་པ་མང་བའི་ནག་དངུལ་དག་འབུད་དང་འཇིགས་སྐུལ་དངུལ་བསྡུ་ཉེན་ཁའི་དཔྱད་འཇོག་མ་ལག་བཙུགས་པ་མ་ཟད། འདི་རྨང་གཞི་བྱས་ཏེ་རྒྱལ་ཁབ་ཀྱི་ནག་དངུལ་དག་འབུད་རྒོལ་རྡུང་དང་འཇིགས་སྐུལ་དངུལ་བསྡུ་རྒོལ་རྡུང་གི་འཐབ་ཇུས་སྲིད་ཇུས་སྒྲིག་བཟོ་དང་ལག་བསྟར་བྱས།
     རོགས་འདེགས་སྒོས་ནག་དངུལ་དག་འབུད་དང་འཇིགས་སྐུལ་དངུལ་བསྡུ། སྟོད་རྒྱུས་ཉེས་གསོག་བཅས་ལ་རྩད་ཞིབ་དང་རྡུང་རྡེག་བྱེད་པ། དུས་ཡུན་རིང་པོར། མི་དམངས་དངུལ་ཁང་སོགས་ནག་དངུལ་དག་འབུད་རྒོལ་རྡུང་འགན་ནུས་སྡེ་ཁག་གིས“ཉེན་ཁ་རྩ་བ་ཡིན་པའི”རྩ་དོན་ལག་བསྟར་བྱས་ལ། ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཉེན་ཁའི་དཔྱད་འཇོག་མཇུག་འབྲས་ལྟར་མྱུར་དུ་ལྟ་སྐུལ་དོ་དམ་སྲིད་ཇུས་དང་བྱེད་ཐབས་ལེགས་སྒྲིག་བྱེད་པ་དང་། ཁྲིམས་བསྟར་སྡེ་ཁག་གིས་ཆེད་དོན་བྱ་འགུལ་གྱི་རྣམ་པ་བརྒྱུད་དེ་གཅིག་བསྡུས་སྒོས་ནག་དངུལ་དག་འབུད་དང་། གསང་བའི་དངུལ་མཛོད། གློག་འཕྲིན་གཡོ་བསླུས། ཁྲིམས་འགལ་དངུལ་སྡུད་སོགས་ནག་ཉེས་ཆེན་པོར་རྡུང་རྡེག་བཏང་སྟེ། ཕན་ལྡན་སྒོས་ཁྱབ་ཁོངས་གཙོ་བོའི་ནག་དངུལ་དག་འབུད་དང་འཇིགས་སྐུལ་དངུལ་བསྡུའི་ཉེན་ཁ་གཡོལ་བར་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...