སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-6-10 10:00:00 རྩོམ་ཁུངས། མཚོ་ལྷོའི་བོད་ཡིག་སྨྱན་གསར། ཀློག་གྲངས།
     ཉེ་ཆར། ཐུན་ཏེ་རྫོང་གིས་གཅིག་བསྡུས་སྒོས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚོ་ཆུང་གིས་ཤང་དང་གྲོང་རྡལ། ལས་ཁུངས་སོ་སོའི་ཁོངས་མིའི་ཚན་ཁག རྫོང་ཁོངས་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ཤང་དང་གྲོང་རྡལ་སོ་སོའི་སྲིད་གཞུང་ཡོད་སར་དང་རྫོང་རུ་རིག་གནས་ཐང་ཆེན་དུ་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དྲིལ་བསྒྲགས་ཉིན་མོའི་བྱ་འགུལ་ཆེ་གྲས་ཤིག་སྤེལ་བ་རེད།
    བྱ་འགུལ་ཡུལ་དངོས་ནས་ཁོངས་གཏོགས་ལས་ཁུངས23དང་རྫོང་ཐད་གཏོགས་སྡེ་ཁག12ཀྱི་ལས་བྱེད་མི་སྣས་འཕྲེད་བྱང་འགེལ་བ་དང་། དྲིལ་བསྒྲགས་འགྲེམས་པང་འགྲེམས་སྟོན། དྲིལ་བསྒྲགས་ཡིག་ཆ་བཀྲམས་པ། བློ་འདྲིའི་སྟེགས་བུ་འཛུགས་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་སློབ་མ་ཚོར་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱས་པ་རེད།
    《 ཐུན་ཏེ་རྫོང་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་བརྡ་ཁྱབ》 དང་།《 ཐུན་ཏེ་རྫོང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཁུངས་སྣེ་ཐེར་འདོན་བྱ་དགའ་སྤྲོད་ཐབས》 ། རང་རང་སོ་སོའི་བྱ་བའི་འགན་འཁྲི་དང་ཟུང་འབྲེལ་གྱིས་བདེ་འཇགས་དོགས་ཟོན་དང་།དུག་འགོག་ཨེ་འགོག ལོག་ཆོས་ལ་ངོ་རྒོལ། ཡིག་སྐུར་ངོ་གཏུག་གི་སྲོལ་ཡིག “འཆལ་རྒྱན་དུག་གསུམ”སོགས་འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་ཧུར་ཐག་བྱས།
   དེ་དང་ཆབས་ཅིག་རྫོང་སྲིད་ཁྲིམས་སྡེ་ཁག་གིས་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་རླངས་འཁོར་སོང་ནས། རྫོང་གྲོང་གི་གཞུང་ལམ་གཙོ་བོ་དང་ཁུལ་གསར་དུ་སྐོར་སྐྱོད་རྒྱང་སྒྲོག་སྤྱད་དེ་ཐུན་ཏེ་རྫོང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་གཙོ་བོར་རྡུང་རྡེག་བཏང་བའི་ཁྲིམས་འགལ་ཉེས་གསོག་རིགས་བཅུ་བདུན་དང་། གཙོ་གནད་བཅོས་སྒྲིག་གི་གནས་བཅུ། ནག་འཇོམས་ངན་སེལ་གྱི་ཁུངས་སྣེ་ཐེར་འདོན་གྱི་བྱ་དགའ་སྤྲོད་ཐབས་སོགས་དྲིལ་སྒྲོག་བྱས་པས།ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དྲིལ་སྒྲོག་གི་ཁྱབ་རྒྱ་དང་ཤུགས་རྐྱེན་ཐེབས་ཤུགས་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་།
     བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་བྱ་འགུལ་ནང་ཁྱོན་འཕྲེད་བྱང40བཀལ་བ་དང་འགྲེམས་པང80འགྲེམས་སྟོན་བྱས་ཤིང་། དྲིལ་བསྒྲགས་རླངས་འཁོར12བཏང་། བོད་རྒྱ་ཡིག་གཉིས་དྲིལ་སྒྲོག་དཔྱད་གཞི་ཁྲི4.5ལྷག་ཙམ་སྤྲད།བཅའ་ཁྲིམས་བློ་འདྲི་ཐེངས180ལྷག་ཙམ་བྱས་པར་ལས་བྱེད་པ་དང་མང་ཚོགས། སློབ་མ5000ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲི་ལ་ཡང་དག་པའི་ལན་བཏབ་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་བོ་ཐོབ་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...