སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས་ནག་འཇོམས་ངན་སེལ་ལྟ་སྐུལ་སྙན་ཞུའི་ཚོགས་འདུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-6-13 15:40:00 རྩོམ་ཁུངས། མཚོ་ལྷོ་ཁུལ་བོད་ཡིག་སྨྱན་གསར། ཀློག་གྲངས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་གཞི་བཀོད་སྒྲིག་གི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་ཆེད། ཀྲུང་དབྱང་གི་ནག་འཇོམས་ངན་སེལ་བྱ་བའི་ལྟ་སྐུལ་སློབ་སྟོན་ཚན་ཆུང18པ་ཟླ6པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་ནག་འཇོམས་ངན་སེལ་གྱི་ལྟ་སྐུལ་སློབ་སྟོན་བྱ་བ་བསྒྲུབ། ཟླ6པའི་ཚེས12ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ལྟ་སྐུལ་སློབ་སྟོན་ཚན་ཆུང18པའི་ཚན་ཆུང་དང་པོས་མཚོ་ལྷོ་ཁུལ་གྱི་བྱ་བར་ལྟ་སྐུལ་སློབ་སྟོན་བྱེད་པའི་སྙན་ཞུའི་ཚོགས་འདུ་བསྡུས།
     ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཁུལ་ཨུའུ་ཧྲུའུ་ཅི་ཀྲང་ཝུན་ཁོས་ཡིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མཚོ་ལྷོ་ཁུལ་གྱི་ནགས་འཇོམས་ངལ་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བ་སྒྲུབ་པའི་གནས་ཚུལ་སྙན་ཞུ་ཕུལ། ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་བྱས། ཁུལ་ཀྱི་འགོ་ཁྲིད་ཝང་ཅན་མེན་དང་ཀུན་བཟང་། ལིས་ཐིན་ཞང་། མ་ཅིན་ཧོང་། གཡང་ཧེ་ལུང་བཅས་ཚོགས་འདུར་ཞུགས། གཞི་རིམ་ཚན་ཆུང་དང་པོའི་འགོ་གཙོ་ཁྲིན་ལང་ཅེ་ཡིས་གཏམ་བཤད།
     ཁྲིན་ལང་ཅེ་ཡིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་འགོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། མཚོ་ལྷོ་ཁུལ་གྱི་ངེས་པ་དོན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་ལག་བསྟར་དངོས་འབེབས་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། ལག་ལེན་རང་རྟོགས་ཇེ་དྲག་ཏུ་བཏང་ནས་ལྟ་སྐུལ་སློབ་སྟོན་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་ནས་དམ་འཛིན་བྱེད་པ་དང་། ལྟ་སྐུལ་སློབ་སྟོན་ལ་བརྟེན་ནས་ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་དཀའ་བའི་གནད་དོན་རྩད་གཅོད་བྱས་ནས་ཆེད་དོན་འབད་བརྩོན་གྱིས་རྒྱལ་ཁ་ལོན་པར་བརྩོན་དགོས། ཆབ་སྲིད་ཀྱི་གོ་གནས་ལ་གཞིགས་པ་དང་ཁྲིམས་ལྟར་ཆད་པ་གཅོད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། རྩ་འཛུགས་འཛུགས་སྐྲུན་དང་རྩ་འཛུགས་མགོ་ཁྲིད་སོགས་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་སློབ་སྟོན་བྱེད་དགོས།གནད་དོན་ཤེས་པ་དང་།གནད་དོན་ལ་དོ་ཁུར་བྱེད་པ། གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་བྱེད་པ། བྱ་བ་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། ལྟ་སྐུལ་སློབ་སྟོན་བྱེད་ཞོར་དུ་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་སྤྲད་པའི་སྒྲུབ་བྱ་དང་མང་ཚོགས་ཀྱི་ཞུ་གཏུག་ཁུངས་སྣེ་དག་རྐང་འཛིན་པ་རྩ་འཛུགས་བྱས་ནས་ནན་ཏན་གྱིས་ཞིབ་བཤེར་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དུས་ཐོག་ཏུ་ལན་སློག་དགོས། ལྟ་སྐུལ་སློབ་སྟོན་ཁྲོད་ནས་ཤེས་པའི་གནད་དོན་དང་བྱ་བའི་བར་ཁྱད་དག་དུས་ཚོད་དམ་འཛིན་སྒོས་དག་ཐེར་ལེགས་བཅོས་བྱེད་དགོས།རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣོན་པ་དང་རིམ་པ་སོ་སོའི་ནག་འཇོམས་ངན་སེལ་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཆེད་དོན་འཐབ་རྩོད་མུ་མཐུད་དུ་སྤེལ་བར་ཁག་ཐེག་བྱེད་དགོས་པ་བསྟན།
     ཀྲང་ཝུན་ཁོས་ཡིས་བསྟན་དོན། མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་འཇོམས་ངན་སེལ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་དགོངས་དོན། དེ་མིན་ད་དུང་ཀྲུང་དབྱང་དང་ཞིང་ཆེན་ཆེན་ཏང་ཨུའི་ནག་འཇོམས་ངན་སེལ་ཚོགས་འདུའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱེད་རྒྱུ་ཡིན་པར་མ་ཟད། ཀྲུང་དབྱང་ནག་འཇོམས་ངན་སེལ་བྱ་བའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་བཅོ་བརྒྱད་པའི་གཞི་རིམ་ཚན་ཆུང་དང་པོའི་བཀོད་སྒྲིག་བླང་བྱ་ལྟར་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་བྱ་བར་རམ་འདེགས་བྱེད་རྒྱུ་ཡིན་ལ། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ལམ་ལུགས་ལ་རོགས་འདེགས་བྱེད་པ་རྨང་གཞི་དམ་འཛིན། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་སོགས་བྱ་བའི་རྣམ་གྲངས་དྲུག་ལ་ཤུགས་བསྣན་ནས། དོ་སྣང་བྱེད་པ་མི་འདང་བ་དང་བྱ་བ་ནན་ཏན་མིན་པ། འགན་འཁྲི་མེད་པ་དག་མཐའ་གཅིག་ཏུ་འགན་འཁྲི་རྩད་གཅོད་བྱས་ཏེ། ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་ཞིག་བསྐྲུན་རྒྱུ་ཡིན་པ་བསྟན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...