སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐུན་ཏེ་རྗོང་ཁྲིམས་འཛིན་ཅུའུ་ཡིས་གཞི་རིམ་མང་ཚོགས་ལ་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་མཐུན་རྐྱེན་བསྐྲུན།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-6-17 9:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     བཅའ་ཁྲིམས་རོགས་སྐྱོར་བྱ་བའི་ཞབས་ཞུའི་ཆུ་ཚད་དང་སྤུས་ཀ་ཁྱོན་ཡོངས་ནས་མཐོར་འདེགས་བཏང་་སྟེ། བཅའ་ཁྲིམས་རོགས་སྐྱོར་གྱི་དམངས་སེམས་ལས་གཞི་འདིས་དབུལ་ཕོངས་ཉམས་ཐག་མང་ཚོགས་མང་པོ་ཞིག་ལ་སྔར་ལས་ལྷག་པའོ་སྒོ་ནས་ཕན་བདེ་བསྐྲུན་ཆེད། ཉེ་སྔོན། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་གཞི་རིམ་གྱི་ཉམས་ཞན་ཚོགས་སྤྱི་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རེན་དང་ལས་སྒྲུབ་མི་སྣ། ཁྲིམས་འཛིན་ལག་རོགས་པ། ཁྲིམས་རྩོད་པ། གཞི་རིམ་གྱི་བཅའ་ཁྲིམས་ལས་བཟོ་བ་བཅས་བསྡོམས་པའི་མི16གྲོས་ཚོགས་ལ་ཞུགས།
     གྲོས་ཚོགས་སྟེང་རྗོང་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་བཀྲ་ཤིས་དོན་འགྲུབ་ཀྱིས་2019ལོའི་བཅའ་ཁྲིམས་རོགས་སྐྱོར་བྱ་བ་བཟང་བོ་བསྒྲུབ་པའི་ཐད་ནས་བླང་བྱ་གསལ་པོ་བཞི་བཏོན་པ་སྟེ། གཅིག་ནས་རོགས་རམ་གང་ཐུབ་བྱས་ཏེ་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་མང་ཙམ་སྒྲུབ་དགོས། བཅའ་ཁྲིམས་རོགས་སྐྱོར་བྱ་ཡུལ་ཚང་མ་དཀའ་ངལ་ཡོད་པའི་མང་ཚོགས་དང་ཉམས་ཞན་ཚོགས་སྤྱི་ཡིན་ལ། ཁྲིམས་རྩོད་པ་དང་གཞི་རིམ་བཅའ་ཁྲིམས་ལས་སྒྲུབ་མི་སྣ་བཅས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང་།ཞབས་ཞུ་ཁང་།ས་ཚིགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་དངོས་སུ་ཕན་ཁེ་བསྐྲུན་ཐུབ་པ་བྱ་དགོས། གཉིས་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་སྤུས་ཚད་མཐོ་རུ་གཏོང་ཅི་ཐུབ་བྱ་དགོས། བཅའ་ཁྲིམས་རོགས་སྐྱོར་བྱ་བའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་བདག་སྤྲོད་དང་། ཞིབ་བཤེར་གཏན་འབེབས། འགྲོ་སྒྲུབ། དཔྱད་དཔོག་སོགས་ཁྱབ་ཁོངས་སོ་སོ་ཚད་ལྡན་བཟོ་དགོས། དུས་མཚུངས་སུ་བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་གྱོད་གཞི་ཞིབ་གཅོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཚོད་འཛིན་དང་།བྱེད་ཐབས་མི་འདྲ་བ་བརྒྱུད་བཅའ་ཁྲིམས་རོགས་སྐྱོར་དང་གྱོད་གཞི་ཞིབ་གཅོད་བྱེད་པའི་སྤུས་ཚད་ཇེ་མཐོར་གཏོང་དགོས།གསུམ་ནས་བཅའ་ཁྲིམས་ལ་བརྟེན་ནས་གྱོད་གཞི་སྒྲུབ་རོགས་བྱེད་པའི་གྲངས་ཚད་མཐོ་རུ་གཏོང་གང་ཐུབ་བྱས་ནས་ཉེས་དོན་གྱོད་གཞི་དང་།ཁྲིམས་རོགས་པས་གྱོད་གཞི་ཞིབ་གཅོད།་གཏུག་བཤེར་གྱོད་དོན་བཅས་གྱོད་གཞི་ཞིབ་གཅོད་ཚད་མཐོ་རུ་གཏོང་དགོས། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དང་ཁྲིམས་འཛིན་ཁང་སོ་སོས་བཅའ་ཁྲིམས་རོགས་སྐྱོར་གྱི་དྲིལ་བསྒྲགས་སྔར་བས་རྒྱ་ཆེར་སྤེལ་་ནས་མི་དམངས་མང་ཚོགས་ཀྱི་ཤེས་ཚད་མཐོ་རུ་གཏོང་དགོས། དཀའ་ངལ་ཡོད་པའི་མང་ཚོགས་དང་།ཕྱི་ནས་ཡོང་བའི་ལས་མིས་བདག་སྤྲོད་བྱེད་རིམ་སྟབས་བདེ་བཟོས་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་ཁེབས་ཚད་ཆེ་རུ་གཏོང་བ་དང་། ཁྲིམས་རོགས་པ་དང་གཞི་རིམ་གྱི་བཅའ་ཁྲིམས་ལས་སྒྲུབ་པ། སྡེ་བ་དང་གཞིས་ཁུལ་གྱི་བཅའ་ཁྲིམས་བློ་འདོན་པ་བཅས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་མང་ཙམ་སྒྲུབ་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱ་དགོས།བཞི་ནི་རོགས་སྐྱོར་ཐོབ་པའི་ཚད་གཞི་དམའ་རུ་བཏང་ནས་བོད་རྒྱ་གཉིས་ཀྱི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་དྲིལ་བསྒྲགས་ཞབས་ཞུའི་སྟེགས་བུར་ཤུགས་སྣོན་དགོས། བཅའ་ཁྲིམས་ཀྱི་ཞབས་ཞུའི་ལས་སྟེགས་12348བེད་སྤྱོད་བཏང་ནས་ཀུན་སྤྱོད་དང་ཆབ་སྲིད་ཁྲིམས་འཛིན་ཅུད་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཞུ་ལམ་རྒྱ་ཆེར་བཏང་སྟེ་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་དྲིལ་བསྒྲགས་ཞབས་ཞུ་མཁོ་འདོན་བྱེད་པ་དང་།སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་བ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བར་ཁྱབ་པ་བྱེད་པ། ཁྲིམས་སྐྱོང་སྒྲོག་འགྲེལ་དང་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སོགས་ཀྱི་ལས་ཀ་བྱེད་དགོས། དུས་མཚུངས་སུ་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་ཞབས་ཞུ་བྱ་བ་དེ་གཞི་རྩའི་ཆ་ནས་གྲོང་མི་(སྡོད་ཁུལ)་བཅའ་ཁྲིམས་བློ་འདྲི་བ་ཡོངས་སུ་ཁྱབ་པ་བྱས་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཚད་ལྡན་ཅན་དང་། ཡང་དག་ཅན།སྟབས་བདེ་ཅན་བཅས་སུ་མངོན་འགྱུར་ཡོང་བ་ཧུར་བརྩོན་བྱ་དགོས། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...