སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་གིས་དབུལ་སྐྱོར་ཉིན་མོའི་བྱ་འགུལ་རབས་དང་རིམ་པ་སྤེལ།
རྩོམ་པ་པོ། ལྷ་ཚེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-18 11:03:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྤྱི་ཟླ10བའི་ཚེས17ཉིན་ནི་རྒྱལ་ཡོངས་དབུལ་སྐྱོར་ཉིན་མོ་ཨང་དྲུག་པ་ཡིན་ལ། ཉིན་དེའི་སྔ་དྲོར། གསེར་ཆེན་རྫོང་གིས་དབུལ་སྐྱོར་བྱ་འགུལ་རབས་དང་རིམ་པ་སྤེལ་ཏེ། 2018ལོའི་དབུལ་ཐར་གཟི་བརྗིད་དུད་ཁྱིམ་ལ་གཟེངས་བསྟོད་གནང་བ་དང་། དབུལ་སྐྱོར་ཉིན་མོའི་དྲིལ་སྒྲོག་ཞལ་འདེབས་བྱ་འགུལ་སྤེལ་ཞིང་། གཙོ་ཆེར་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་དཔེ་ལེགས་འཛུགས་པ་དང་། རང་རྐྱ་འཕར་བ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་ནང་གི་སྤོབས་སེམས་སྐུལ་སློང་བྱེད་པ་ཡིན་ལ། རྫོང་ཡོངས་ཀྱི་ནུས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམངས་འཚོའི་བཟོ་བཀོད་ལ་སྐུལ་འདེད་བྱས།
     2018ལོར། གསེར་ཆེན་རྫོང་གིས་དབུལ་ཕོངས་སྡེ་བ15དང་དུད་ཁྱིམ1748ཀྱི་ཡིག་ཚགས་ཁཱ་འགོད་དབུལ་ཕོངས་མི་གྲངས5795དབུལ་ཐར་ལས་བུད་ཅིང་། དབུལ་ཕོངས་བྱུང་ཚད་དེ2017ལོའི་ལོ་སྨད་ཀྱི12.6%ནས་མིག་སྔར་གྱི6.43%ལ་མར་ཆག་པ་དང་། དེའི་ཁྲོད་སེམས་སུ་དྲིན་དྲན་པ་དང་དཀའ་སྤྱད་ཕྱུག་འགྱུར། ཡར་བརྩོན་ལྷུར་ལེན་གྱི་དབུལ་ཐར་གཟི་བརྗིད་དུད་ཁྱིམ་སྐོར་ཞིག་བྱུང་ཡོད།
     རྗེས་ནས་བཟུང་། སྔར་བཞིན་དབུལ་ཐར་མཁྲེགས་གཏོར་ཁྲོད་མིག་དཔེའི་ནུས་པ་བཏོན་ནས། དབུལ་ཕོངས་མང་ཚོགས་རྣམས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་བྱེད་པར་དྲིལ་སྒྲོག་དང་སྣེ་ཁྲིད་བྱེད་རྒྱུ་རེད། གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་ཏུན་པཱ་སྡེ་བའི་ལིའུ་ཡུང་ཀོའེ་ནི་གཟེངས་བསྟོད་ཐོབ་པའི་དབུལ་ཐར་གཟི་བརྗིད་དུད་ཁྱིམ་ཞིག་ཡིན་ལ། ཁོ་དང་འདྲ་བར་གཟེངས་བསྟོད་ཐོབ་པ་ནི་གསེར་ཆེན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ11གི་སྡེ་དམངས60ཡོད། ཞལ་འདེབས་བྱ་འགུལ་ཁྲོད། རྫོང་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་དབུལ་ཐར་གཟི་བརྗིད་དུད་ཁྱིམ་གྱིས་རྫོང་ཡོངས་ཀྱི་ད་དུང་དབུལ་ཐར་མ་བྱས་པའི་དབུལ་ཕོངས་དུད་ཁྱིམ5910ལ་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ཏེ། ཤིན་ཏུ་དབུལ་ཕོངས་ཀྱི་ཁྱིམ་ཚང་དང་དཀའ་ངལ་མང་ཚོགས་ལ་ཐོན་སྐྱེད་འཚོ་བའི་དཀའ་ངལ་སེལ་རོགས་བྱས།
     བྱ་འགུལ་ཡུལ་དངོས་སུ། གསེར་ཆེན་རྫོང་སྤྱི་བདེ་ཅུའུ་དང་འཕྲོན་བསྟེན་ཅུའུ་སོགས་སྡེ་ཁག་གིས་དྲིལ་སྒྲོག་དང་གསལ་འགྲེལ། ཞལ་འདེབས་དང་རིན་མེད་ནད་དཔྱད་སོགས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་རྣམས་ལ་དབུལ་སྐྱོར་གྱི་སྲིད་ཇུས་གསར་བ་རྒྱུས་ལོན་བྱེད་དུ་བཅུག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...