མཚོ་སྔོན་བོད་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་མ་ཁྲི1.7ལྷག་གི་སློབ་ཡོན་དོར་བ།
རྩོམ་པ་པོ། བདེ་ཆེན་མཚོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2012-2-22 10:17:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
  མཚོ་སྔོན་ཞིང་ཆེན་གྱིས“གཙང་གསུམ་འབྱུང་ཡུལ”ས་ཁུལ་གྱི་སློབ་གསོའི་འགྲོ་གྲོན་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ17143ལྷག་གི་སློབ་ཡོན་དང་། སྡོད་གླ། དཔེ་རིན་སོགས་མི་ལེན་པའི་འཚོ་བའི་འགྲོ་གྲོན་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་རེད།
  2011ལོའི་ལོ་སྨད་དུ་སློབ་འགོ་ཚུགས་པ་ནས་བཟུང་མཚོ་སྔོན་ནོར་སྲིད་ཐིན་གྱིས་སྒོར་ཁྲི9643ལྷག་བཏང་ནས་མཚོ་སྔོན་དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མར་ལོ་རེར་སྒོར4200ཡི་རོགས་སྐྱོར་གནང་། དེའི་ཁྲོད་སྤྱི་སྤྱོད་འགྲོ་གྲོན་རོགས་དངུལ་སྒོར2700དང་འཚོ་བའི་རོགས་དངུལ་སྒོར1500ཡོད་པ་རེད། ཡུལ་གཞན་དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མར་ལོ་རེར་སྒོར6500གནང་། དེའི་ཁྲོད་སྤྱི་སྤྱོད་འགྲོ་གྲོན་རོགས་དངུལ་སྒོར3300དང་འཚོ་བའི་རོགས་དངུལ་སྒོར3200ཡོད་པ་རེད།
  མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བཤད་རྒྱུར། བོད་རིགས་འདུས་སྡོད་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གསོར་འགྲོ་གྲོན་ཁ་གསབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། དམངས་འཚོ་བཅོས་བསྒྱུར། དབུལ་སེལ་བཅས་ཀྱི་བྱེད་ཐབས་ཤིག་ཡིན་ཞིང་། དེང་ཕྱི་གཉིས་ཀར་དགེ་བའི་དམངས་ཕན་ལས་གཞི་ཞིག་ཀྱང་ཡིན་པ་རེད་ཅེས་བརྗོད། སྲིད་ཇུས་འདིས་བོད་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་དུ་བཏང་བར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་སློབ་བུ་རྣམས་འབྲིང་རིམ་ལས་རིགས་སློབ་གྲྭ་འགྲིམ་པར་སྐུལ་འདེད་ཆེན་པོ་བྱས་པ་རེད།

  • མཚོ་སྔོན་བོད་ཁུལ་གྱི་སློབ་མ་ཁྲི1.7ལྷག་གི་སློབ་ཡོན་དོར་བ།
  • བྲག་དཀར་རྫོང་གིས་མདའ་འཕེན་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།
  • པེ་ཅིང་གི་བོད་རིགས་སློབ་མ་རྣམས་ཀྱིས་དགུ་ཐུག་བསྐོལ་བ།
  • བོད་ལྗོངས་བློ་བཟང་ཀུང་སིའི་ལག་འཁྱེར་ཁ་པར་གསར་བ།
  • ཁྱིམ་ཚང་རེ་རེས་དགུ་ཐུག་གྲ་སྒྲིག་བྱེད་པ།
  • དཀར་མཛེས་ཁུལ་གྱིས་བོད་ཆུ་ཕོ་འབྲུག་ལོའི་ལོ་གསར་བསུ་བ།
  • བོད་ཀྱི་བརྙན་ཕྲན《དེ་བས། ང》ཞེས་པ་དྲ་ལམ་ནས་ཐོག་མར་བཏང་བ།
  • ཟངས་མདོག་དཔལ་རི་གསར་དུ་རྙེད་པ།
  • ཨ་ཅག་ཚན་སྡེབ་ཀྱིས་བོད་ཡུལ་ཆོལ་ཁ་གསུམ་ལ་བསྟོད་གླུ་ཕུལ།
  • དབུས་ཕྱོགས་སུ་བོད་ཀྱི་ལོ་གསར་གཏོང་སྲོལ་སྐོར།
  • 《འཛམ་གླིང་གེ་སར་རྒྱལ་པོ》པེ་ཅིང་དུ་འཁྲབ་སྟོན་བྱེད་རྒྱུ་རེད།
  • ཤི་ལོག་སྒྲོལ་མར་རྒྱལ་ཁབ“ལུས་རྩལ་བདེ་སྐྲུན”གྱི་མཚན་གསོལ་བ།
  • སེ་ར་ཕུར་མཇལ་ཞེས་པའི་ཆོས་ལུགས་མཆོད་བཀུར་གྱི་ཆོ་ག
  • ཟློས་གར《སྦྲ་ནག་དུས་སྟོན》ལ་མང་ཚོགས་ཀྱི་དགའ་བསུ་ཐོབ།
  • བོད་ལྗོངས་རིག་དངོས་སྲུང་སྐྱོབ་ལ་སྒོར་དུང་ཕྱུར17གཏོང་བ།
  • གླུ་བ་པདྨ་བསམ་གྲུབ་ཀྱི《ཁྱད་མཚར》ཞེས་པར་དགའ་བསུ་ཐོབ།
  • དབུས་ཕྱོགས་སུ་བོད་ཀྱི་ལོ་གསར་གཏོང་སྲོལ་སྐོར།
  • སེ་ར་ཕུར་མཇལ་ཞེས་པའི་ཆོས་ལུགས་མཆོད་བཀུར་གྱི་ཆོ་ག
  • འགུལ་རིས་གློག་བརྙན《རྔོན་པ་དང་གདོན་འདྲེ》ཞེས་པ་ལེགས་འགྲུབ་བྱུང་།
  • 《ཤེས་རབ་ཀྱི་ནོར་འཚོལ་བ》ཞེས་པ་བརྙན་འཕྲིན་དུ་གཏོང་འགོ་བརྩམས།
  • རིག་སྨོན་གྲོང་རྡལ་སློབ་གསོ་སློབ་སྦྱོང་བརྗེ་རེས་ཡར་སྐུལ་གྲོས་ཚོགས།
  • 《སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས》།
  • སྟག་ཚང་ལྷ་མོ་དགོན་གྱི་མཚམས་སྦྱོར་མདོར་བསྡུས།
  • བོད་ཡིག་གི་རི་མོའི་བསླབ་གཞི་དཔེ་ཚོགས་འགྲེམ་སྤེལ་བྱེད་ལ་ཉེ།
  • འཇིག་རྟེན་ལ་འཇུག་པའི་བློ་སྦྱོང་ཞེས་པའི་དཔེ་དེབ་ངོ་སྤྲོད།
  • བོད་ལྗོངས་གསོ་རིག་སློབ་གླིང་གིས་ཕྱི་འབྲེལ་གྱི་བྱ་བར་ཤུགས་སྣོན་པ།
  • རྒྱ་ལོ་སྨོན་ལམ་ཆེན་མོའི་སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་མཇལ།
  • མང་རྫོང་གཙགས་དྲུབས་ལས་བུད་མེད་རྣམས་ལ་ཁེ་བཟང་བསྐྲུན།
  • མདོ་སྨད་ཆབ་ཆ་དགོན་གསར་དུ་ཚོགས་ལངས་སྤེལ་པ།
  • བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་དང་ལག་ལེན།
  • 《ལྷ་སའི་དམངས་ཁྲོད་གླུ་གཞས》སོགས་དཔེ་དེབ་ངོ་སྤྲོད།
  • གླུ་གཞས་ཆེད་བསྒྲིགས《སྲོང་བཙན་སྒམ་པོ》འགྲེམ་སྤེལ་བྱེད་ལ་ཉེ་བ།
  • ༄༅།།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་སྨོན་ལམ་དལ་འབྱོར་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།།
  • བོད་རིགས་ཀྱི་གནའ་བོའི་གླུ་གཞས།
  • སྲས་མོའི་ལོག་ཕེབས།༼༡༽ ཡབ་གཞིས་པཎ་རིག་འཛིན་དབང་མོ་མཚོ་སྔོན་པོ་དྲ་བར་གདན་ཕེབས་གནང་ཞིང་ཤིས་ཚིག་བསྩལ།
  • ཚེ་རིང་ནོར་བུ་ལགས་ལ་ཐེངས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་རྗེས་ཆོས་གྲོགས་དྲྭ་བས་བཅར་འདྲི་བྱས་པ།
  • བྱམས་བུད་མེད་རྩོམ་རིག་བྱ་དགའི་མཛད་སྒོ་ཟི་ལིང་ནས་བསྡུས།
  • བོད་ཀྱི་ཐ་སྙད་གསར་བའི་ཤེས་བྱའི་འགྲན་ཚོགས།
  • བོད་ཀྱི་དབང་མཛད་བཅུའི་སྐབས་ཀྱི་ཤེས་རིག
  • ༄༅།།《གུང་ཧོའི་སྲིད་དོན》བོད་ཡིག་གི་པར་གཞི་དང་པོ་སྒྲིག་སྒྱུར་བྱས་ནས་དངོས་སུ་འགྲེམ་སྤེལ་བྱས་པ།
  • བསང་ཡིག་དགེ་མཚན་པདྨོ་བཞད་པའི་ཉི་མ།
  • ༄༅ །།མཚོ་ལྷོའི་རོང་ཁུལ་བུད་མེད་ཀྱི་རྒྱན་ཆ།
  • མཐོ་སྒང་གི་ནོར་ནག་སྐོར་ཅུང་ཙམ་བརྗོད་པ།
  • ༄༅། ། ལེའུ་དང་པོ། སྤྱིའི་རྩ་འཛིན།
  • བོད་ཀྱི་གླུ་བ་གླུ་མ་ཚོའི་ལྷན་གཞས་ཆེད་བསྒྲིགས་གསར་བ།
  • ༄༅ །།དམར་པོའི་ཞིང་ཁམས།
  • སྐབས་དྲུག་པའི་ཁྲི་ཀའི་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་གྱི་འགོ་ཚུགས།
  • བོད་དུ་གསུང་རབ་ཐོག་མར་དར་ཚུལ།