སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
“ཐོན་མིའི་མཛུབ་རིས”མིང་ཅན་གྱི་བྱ་དགའ་ཡོད་པའི་ཡིག་གཟུགས་འགྲན་སྡུར་ཐེངས་ལྔ་པའི་གསལ་བརྡ།
རྩོམ་པ་པོ། ཕག་མོ་དོན་གྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-18 15:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     གངས་ཅན་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཉམས་པ་སོར་ཆུད་དང་མ་ཉམས་དར་རྒྱས་སུ་གཏོང་བའི་དགོས་པ་ཁྱད་པར་ཅན་ལ་དམིགས་ཏེ། “ཐོན་མིའི་མཛུབ་རིས”མིང་ཅན་གྱི་བྱ་དགའ་ཡོད་པའི་ཡིག་གཟུགས་འགྲན་སྡུར་ཐེངས་ལྔ་པ་དེ་སྤྱི་ལོ2016ལོའི《སྦྲང་ཆར》དེབ་དང་པོ་ནས་བཞི་པའི་སྟེང་དུ་བཀོད་དེ་འགྲན་སྡུར་བྱ་རྒྱུ་ཡིན།
དེ་ལ་ཡིད་འཇོག་བྱེད་དགོས་པའི་དོན་ཚན་འགའ་ཡོད་པ་གཤམ་གསལ་ལྟར།
   1.འགྲན་སྡུར་དུ་ཞུགས་པའི་ཡིག་གཟུགས་ཀྱི་ནང་དོན་དེང་རབས་ཀྱི་དུས་དང་འཚམ་དགོས་ཤིང་ཚིག་སྦྱོར་བརྡ་སྤྲོད་དང་མཐུན་དགོས་ལ། ཡིག་གཟུགས་ཅི་རིགས་བྲིས་ཆོག
   2.ཤོག་བུ་དཀར་པོ་ཆེ་ཆུང་བྲེ་ཁ8ཅན(19cm×26cm)དང་། ཡང་ན་བྲེ་ཁ16ཅན(38cm×26cm)གང་རུང་གི་ངོས་སུ་སྣག་ཚ་ནག་པོ་ཁོ་ནས་འབྲི་བ་ལས་སྔོན་པོ་སོགས་ཀྱིས་འབྲི་མི་རུང་།
   3.འབྲི་མཁན་གྱི་རུས་མིང་དང་སྡོད་གནས་ཀྱི་མིང་། འབྲེལ་གཏུག་ཁ་པར་ཨང་གྲངས། ཐོབ་ཐང་དཔང་ཡིག་གི་ཨང་གྲངས་བཅས་གསལ་བོར་བྲིས་ཏེ་བསྐུར་དགོས།
     2016ལོའི་ཟླ8པའི་ཚེས31ཉིན་ནས་ཡིག་གཟུགས་བསྡུ་མཚམས་གཞག་རྒྱུ་ཡིན།
     གཞན་ཐེངས་འདིའི་འགྲན་སྡུར་ནང་སྔོན་ཆད་ལྟར་སློབ་ཆུང་དང་སློབ་འབྲིང་། དར་མ་སྐོར་གྱི་དབྱེ་བ་མི་དགར་ལ། འགྲན་སྡུར་མཚམས་བཞག་རྗེས་ཡིག་མཁན་མཁས་པ་སྐོར་ཞིག་རྩ་འཛུགས་བྱས་ཏེ་དཔྱད་སྡུར་བྱ་རྒྱུ་ཡིན་ནོ། །
འབྲེལ་གཏུག་བྱེད་ས། ཕག་མོ་དོན་གྲུབ།
ཁ་པར། 13099768680
ཡིག་ཟམ། 972952532@QQ.con
ཞེས《སྦྲང་ཆར》རྩོམ་སྒྲིག་ཁང་གིས2015ལོའི་ཟླ12པའི་ཚེས15ལ་ཕུལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...