སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་གྱི་རིག་གནས་གསར་འགྱུར་དཔེ་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-3-2 9:28:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། ཀློག་གྲངས།
     སྤྱི་ཟླ2པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་གསར་འགྱུར་དཔེ་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
     གྲོས་ཚོགས་སུ་བསྟན་དོན། 2015ལོར་ཞིང་ཆེན་ཡོངས་ཀྱི་རིག་གནས་གསར་འགྱུར་དཔེ་སྐྲུན་བྱ་བའི་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དང་། སྤྱི་བའི་ཞབས་ཞུའི་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་གྱི་རྒྱུ་སྤུས་སྔར་ལས་ཇེ་ལེགས་སུ་སོང་ལ། རིག་གནས་ཐོན་ལས་དངོས་ཤུགས་སྔར་ལས་མཐོར་འདེགས་བྱས། ད་ལོར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་བསྲིང་དང་ལག་བསྟར་བྱེད་པར་དམ་དུ་དམིགས་ནས། སྤུས་ལེགས་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱེད་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མ་ལག་འཛུགས་སྐྲུན་བྱེད་པ། སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་དང་རིག་གནས་ཐོན་ལས་མ་ལག རིག་གནས་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ཤུགས་བཏོན་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་མགོ་བཟང་བོ་རྩོམ་དགོས་ཟེར།
     ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ལྷག་པར་དུ་རིག་གནས་སྒྱུ་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་དང་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་བྱ་བའི་ཁ་ཕྱོགས་བརྟན་པོ་འཛུགས་དགོས། གོ་སྐབས་དམ་འཛིན་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་ཐད་ནས་སྒུལ་ཤུགས་གསར་བ་སྣོན་དགོས། བཅོས་བསྒྱུར་ལ་དམ་འཛིན་བྱས་ནས། ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་རིམ། འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་པའི་སྟེང་ནས་གྲུབ་འབྲསལ་གསར་བ་ལེན་དགོས། ཞབས་ཞུ་ལ་དམ་འཛིན་བྱེད་པ་དང་། ཞན་ཆར་ཁ་གསབ་བྱེད་པ་དང་ཚད་མཐའ་དམ་སྲུང་བྱེད་རྒྱུ་དེ་བྱ་བའི་ཤུགས་འདོན་ས་དང་ཐོད་བརྒལ་བྱེད་སར་བརྩིས་ནས། སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་པའི་སྟེང་ནས་གྲུབ་འབྲས་གསར་བ་ལེན་དགོས། ཐོན་ལས་ལ་དམ་འཛིན་བྱེད་པ་དང་། རིག་གནས་དང་གནས་སྐོར། ལུས་རྩལ། ཚན་རྩལ། ཉོ་ཚོང་སོགས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཏེ། མཚོ་སྔོན་པོའི་མཚོ་སྐོར་རིག་གནས་ཡུལ་སྐོར་ཐད་ཀྱི་དཔེ་མཚོན་སྐྱེད་བསྲིང་བྱེད་དགོས། ཚོང་རྟགས་མིང་གྲགས་ཅན་དམ་འཛིན་བྱེད་པ་དང་། རིག་གནས་སྒྱུ་རྩལ་གསར་རྩོམ་ཐད་ནས་བྱས་རྗེས་བཞག་སྟེ། སྒྱུ་རྩལ་བརྩམས་ཆོས་མང་པོ་གསར་རྩོམ་བྱེད་དགོས། ལག་བསྟར་ལ་དམ་འཛིན་བྱེད་དགོས་ཏེ། ལག་བསྟར་ལ་ཤུགས་སྣོན་པའི་སྟེང་ནས་ཕན་འབྲས་གསར་བ་བླངས་ནས། རིག་གནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཟེར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...