སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པར་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ། མང་ལྗོངས་སྨྱུག་དྲུག རྩོམ་སྒྲིག་པ། Lhamo དུས་ཚོད། 2016-4-18 16:39:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པར་སྙན་ངག་གྱེར་འདོན་འགྲན་བསྡུར་སྤེལ།


བྱ་དགའ་གནང་བཞིན་པ།

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པར་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
བྱ་དགའ་ཐོབ་པའི་སློབ་བུ་རྣམས།

     སྤྱི་ཟླ4བའི་ཚེས14ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་སྐབས་དང་པོའི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་འཆམ་མཐུན་སློབ་ར་འཛུགས་བསྐྲུན་བྱེད་པ་བརྗོད་བྱར་བཟུང་བའི་བོད་རྒྱ་དབྱིན་གསུམ་གྱི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་དང་། སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན། སློབ་མ་ཡོངས་བྱ་འགུལ་ལ་ཞུགས་ཏེ་གྱེར་འདོན་པ་དག་གི་སྐད་ཀྱི་གདངས་ལས་བྱུང་བའི་སྙན་ངག་གི་དབྱངས་འགྲོས་རེ་རེར་ཉམས་སུ་མྱངས། དགེ་རྒན་རྣམ་པས་ལོ་རིམ་ཁག་གི་སྙན་ངག་ལ་སྤྲོ་བ་ཆེ་ཞིང་གྱེར་འདོན་ལ་མོས་པ་ཡོད་པའི་སློབ་མ་ཚོའི་ཁྲོད་ནས་ལུས་ཀྱི་ཉམས་དང་ངག་གི་གདངས་ཕུན་སུམ་ཚོགས་པའི་སློབ་མ10རེ་བདམས་ཤིང་བསྡོམས་པས་བོད་རྒྱ་དབྱིན་གསུམ་གྱི་གྱེར་འདོན་པ30ལྷག་གིས་ལུས་ལ་མི་རིགས་རང་གི་ཆས་གོས་ཀྱི་རྣམ་པ་སྤྲས་ཤིང་དྭངས་གཙང་གི་སྐད་ངག་ཚོར་བའི་ཉམས་དང་སྦྱར་ཏེ་སློབ་རྭའི་གླིང་དུ་ཆེས་མཛེས་སྡུག་དང་བཀྲག་མདངས་ཀྱིས་ཕྱུག་པའི་མཁའ་དབུགས་གསར་བ་ཞིག་བསྣན།
     དེ་བཞིན་སློབ་གྲྭའི་མགོ་ཁྲིད་དག་གཙོ་བྱས་ཏེ་བསླབ་ཁག་སོ་སོའི་དགེ་རྒན་གྱིས་འགྲན་ཞུགས་སློབ་མ་ཡོངས་ཀྱི་སྐད་ཀྱི་གདངས་དང་ངག་གི་འགྱུར་ཁུགས། ལུས་ཀྱི་ཉམས་འགྱུར། ཚིག་གི་སྦྱོར་བ་ཐམས་ཅད་ལ་དཔྱད་པ་བྱས་ཏེ་འགྲན་ཞུགས་རྣམ་གྲངས་རེ་ལ་བྱ་དགའ་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། རྟིང་སྐུལ་བཞི་བཅས་ཀྱི་བྱ་དགའ་བསྩལ།
     འདི་ནི་ཆུང་ས་ནས་བཤད་ན་སློབ་མ་ཚོའི་སྒྱུ་རྩལ་རོལ་མྱོང་གི་སེམས་ཁམས་བསྐྱེད་སྲིང་བྱེད་པའི་བྱ་འགུལ་གྱི་རྣམ་པ་ཞིག་ཡིན་མོད། ཞིབ་ཏུ་བསམས་ན་དེ་ནི་སློབ་གྲྭ་ཞིག་གིས་མི་རིགས་སློབ་གསོ་དང་མི་རིགས་རྩོམ་རིག་ལ་བཟུང་བའི་ཆེས་དྭངས་གཙང་གི་སེམས་པ་ཉག་ཅིག་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...