སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་དགེ་འོས་སློབ་ཆེན་དུ་འཛམ་གླིང་དཔེ་ཀློག་ཉིན་མོར་དཔེ་ཀློག་གི་བྱེད་སྒོ་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-4-23 16:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མཚོ་སྔོན་དགེ་འོས་སློབ་ཆེན་དུ་འཛམ་གླིང་དཔེ་ཀློག་ཉིན་མོར་དཔེ་ཀློག་གི་བྱེད་སྒོ་སྤེལ་བ།
འཛིན་གྲྭའི་མཉམ་པར།


དྲིལ་བསྒྲགས་ཤོག་བྱང་འགྲེམ་བཞིན་པ།


བྱ་འགུལ་ལ་ཞུགས་པའི་སློབ་མས་དྲི་བ་འདེམ་བཞིན་པ།

སློབ་མ་རྣམས་ཀྱིས་རང་གི་མོས་པ་ལྟར་དཔེ་ཆ་ལེན་བཞིན་པའི་ཚུལ།


སློབ་གྲོགས་རྣམས་འཚང་ཁ་ཤིག་ཤིག་གིས་བྱ་འགུལ་དུ་ཞུགས་པ།

     སྤྱི་ཟླ4བའི་ཚེས23ཉིན་གྱི་དུས་ཚོད12:30སྟེང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་མཐུན་རྐྱེན་སྦྱར་ཏེ། 2015 ལོའི་ཞིབ་འཇུག་འཛིན་གྲྭས་འཛམ་གླིང་དཔེ་ཀློག་ཉིན་མོར་སློབ་གྲོགས་རྣམས་ཀྱི་དཔེ་ཀློག་གི་འདུན་པ་ཇེ་ཆེ་དང་། དཔེ་ཀློག་གི་དགོས་གལ་རང་བཞིན་ཤེས་རྟོགས་བྱ་རྒྱུ། སློབ་གྲྭའི་སློབ་སྦྱོང་གི་མཁའ་དབུགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོོང་པ་བཅས་དགེ་མཚན་དུ་མར་དམིགས་ནས་དཔེ་ཆ་རིན་མེད་གཟིགས་འབུལ་དང་བོད་རིག་པའི་ཤེས་བྱའི་དྲི་བ་དྲིས་ལན། དཔེ་ཆར་ཇིི་ལྟར་ལྟ་བའི་སྐོར་གྱི་ཐབས་ལམ་སོགས་སྣ་འཛོམས་རང་བཞིན་གྱི་བྱ་འགུལ་ཞིག་སྤེལ།
      དེར་གཙོ་བོ་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོའི་དཔེ་ཆར་ཇི་ལྟར་ལྟ་བའི་སྐོར་གྱི་གླེང་མོལ་ཞེས་པའི་ཚོགས་བཤད་ཀྱི་ཟིན་བྲིས་དང་། རྒྱའི་རྩོམ་པ་པོ་ཧྥིན་ཇེའུ་ཚེ(冯骥才)ཡི་དཔེ་ཆར་རེག་པ་ཞེས་པའི་ལྷུག་རྩོམ། གཞན་ད་དུང་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱུང་བ་མདོར་བསྡུས་བཅས་ཀྱི་དྲིལ་བསྒྲགས་ཤོག་བྱང་དྲུག་བརྒྱ་ལྷག་བཟོས་ཏེ་འགྲེམ་སྤེལ་བྱས།
     དེ་མིན《ཆག་ལོའི་རྣམ་ཐར》དང《རྒྱ་ནག་ཆོས་འབྱུང》《བཻ་རོའི་འདྲ་འབག》སོགས་བོད་ཡིག་དཔེ་རྙིང་དཀོན་པོ་ཁག་ཅིག་དང་། 《ཤར་ཕྱོགས་རིག་པ》དང《སྐད་ཆ་དང་རྒྱལ་ཁབ》《སྤྱི་ཚོགས་ཆད་ཀ》སོགས་རྒྱལ་ཁབ་ཕྱི་ནང་ན་གྲགས་ཆེ་བའི་དཔེ་ཆ་ཁག་ཅིག་དྲི་བ་དྲིས་ལན་གྱི་སྒོ་ནས་ལན་ཐོབ་མཁན་དག་ལ་དཔེ་ཆ་སྐྱེས་སུ་འབུལ་བ་དང་། ལན་མ་ཐོབ་པ་དག་ལ་རྟིང་སྐུལ་གྱི་ཚུལ་དུའང་དཔེ་ཆ་ཁག་ཅིག་ལེགས་སྐྱེས་སུ་ཕུལ། སློབ་གྲོགས་རྣམས་ཡིད་སྤྲོ་བའི་ངང་བྱ་འགུལ་ལ་ཞུགས་ཏེ་དྲི་བར་ལན་བཏབ་པ་མ་ཟད། རང་གི་མོས་པ་ལྟར་དཔེ་ཆ་གང་ལེགས་བདམས། བྱ་འགུལ་འདི་ལས་སློབ་གྲོགས་རྣམས་ལ་སྔར་རྒྱུས་ལོན་མེད་པའི་དཔེ་ཆ་མང་པོ་ཞིག་ངོ་སྤྲོད་དང་རིན་མེད་གཟིགས་འབུལ། དེ་མིན་དཔེ་ཀློག་གི་དགོས་པ་དང་ཐབས་ལམ། བོད་རིག་པའི་ཤེས་བྱ་མང་པོ་ཞིག་དུས་ཐུང་ནང་ངོ་སྤྲོད་བྱེད་ཐུབ་པ་བྱུང་།
     མཐར་སློབ་གྲོགས་རྣམས་ཀྱི་བསྟོད་བསྔགས་དང་ཁས་ལེན་གྱི་ཁྲོད་ནས་ཐེངས་འདིའི་བྱ་འགུལ་བདེ་ལེགས་ངང་མཇུག་སྒྲིལ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...