སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རྒྱ་བོད་ཡིག་སྒྱུར་དང་བོད་ཡིག་མ་རྩོམ་འགྲན་བསྡུར་བསྡུས་པ།
རྩོམ་པ་པོ། ཕུར་བུ་དོན་གྲུབ། རྩོམ་སྒྲིག་པ། Michung དུས་ཚོད། 2017-2-28 8:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཞིང་ལས་དངུལ་ཁང་ནི་ལྗོངས་ཡོངས་སུ་“ཞིང་གསུམ”དངུལ་རྩའི་ཞབས་ཞུ་སྒྲུབ་མཁན་དང་ལས་སྒོའི་ཁྲོད་བོད་སྐད་ཡིག་གི་ཞབས་ཞུའི་ནུས་པ་འདོན་སྤེལ་བྱེད་མཁན་གྱི་གཙོ་ཤུགས་དམག་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་བོད་སྐད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་དངུལ་རྩའི་ལས་དོན་ཁྱབ་ཁོངས་ནང་བོད་སྐད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཁྱབ་གདལ་གང་ལེགས་ཀྱི་སྒོ་ནས་རྒྱ་ཆེའི་ལས་བྱེད་ལས་བཟོས་དངུལ་རྩའི་ཞབས་ཞུའི་ཐད་བོད་སྐད་ཡིག་གི་ཞབས་ཞུའི་ནུས་པ་མཐོར་གཏོང་དང་། ཁོངས་གཏོགས་ནང་གི་རྒྱ་ཆེའི་ལས་བྱེད་ལས་བཟོའི་ཁྲོད་ཀྱི་རྒྱ་བོད་ཡིག་སྒྱུར་གྱི་ཤེས་ཡོན་ཅན་འཚོལ་ཞིབ། ལྷག་པར་དུ་གཞི་རིམ་ལས་བཟོའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་ཆབས་ཅིག་རྣམ་ཀུན་བོད་སྐད་ཡིག་སྦྱོང་སྤྱོད་དང་རྒྱ་བོད་ཡིག་སྒྱུར་ལས་ཀར་དགའ་སྣང་སྐྱེད་སྲིང་བྱ་ཆེད། ཉེ་དུས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ཡོངས་ཀྱི་ཞིང་དངུལ་ཁྱབ་ཁོངས་སུ་སྐབས་དང་པོའི་རྒྱ་བོད་ཡིག་སྒྱུར་དང་བོད་ཡིག་མ་རྩོམ་འགྲན་བསྡུར་བྱེད་སྒོ་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོར་རྒྱ་བོད་ཡིག་སྒྱུར་དང་བོད་ཡིག་མ་རྩོམ་གྱི་བརྩམ་བྱ59འབྱོར་བའི་ནང་རྫོང་རིམ་པ་མན་གྱི་ལས་བྱེད་ལས་བཟོ་བཞུགས་ཚད་བརྒྱ་ཆ70ཡན་ཟིན་གྱི་ཡོད།

འབྲེལ་ཡོད་མི་སྣས་བརྩམ་བྱར་ཞིབ་དཔྱད་གནང་བཞིན་པ།
     བྱེད་སྒོའི་བརྒྱུད་རིམ་ཆ་ཚང་ལ་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱིས་འགོ་ཁྲིད་གཙོ་བོས་ཚོགས་གཙོ་གནང་བཞིན་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་དང་རིམ་ཁག་དངུལ་ཁང་གིས་གཞོགས་འདེགས་ཧུར་ཐག་གནང་ཡོད། དེ་དང་ཕྱོགས་མཚུངས་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཨུ་ཡོན་གྱི་གཙོ་བོ་གནང་བ་དང་ལྗོངས་ཡན་ལག་དངུལ་ཁང་གི་ཡིག་སྒྱུར་ཚན་པའི་ལས་མི་དང་དེ་མིན་བོད་རྒྱ་ཡིག་རིགས་ཀྱི་ཆུ་ཚད་ཅུང་ལེགས་པའི་མི་སྣ་བརྒྱད་ཀྱིས་བརྩམ་བྱ་རེ་རེ་བཞིན་ལ་གཞུང་དྲང་གཟབ་ནན་གྱིས་སྒོ་ནས་མཐའ་མཇུག་ཐོབ་སྐར་དཔྱད་བསྡུར་བྱས་པས་མཐར་རྒྱ་བོད་ཡིག་སྒྱུར་གྱི་བརྩམ་བྱ་༡༡དང་བོད་ཡིག་མ་རྩོམ་བརྩམ་བྱ་༨ལ་ཐེངས་འདིའི་ཕུལ་བྱུང་བརྩམ་བྱའི་གཟི་བརྗིད་མཚན་སྙན་ལག་ཁྱེར་དང་བྱ་དགའི་དངུལ་སྤྲད་པ་རེད།

དངུལ་ཁང་ལས་བཟོ་པའི་ཕུལ་བྱུང་བརྩམས་ཆོས།
     ད་ཐེངས་བྱེད་སྒོའི་བརྩམ་བྱ་ཁག་གི་བརྗོད་དོན་ཕུན་སུམ་ཚོགས་ཤིང་བརྗོད་བྱེད་ཚིག་སྦྱོར་སྙན་པས་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ནས་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད་དངུལ་ཁང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་ཐོན་ཡོད་ལ་དེ་བཞིན་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་བྱེད་སྒོ་དེ་རིགས་མུ་མཐུད་ཡང་ཡང་སྤེལ་རྒྱུའི་རེ་འདུན་ཟབ་པོ་བཅངས་བཞིན་ཡོད་པར་ལྗོངས་ཡན་ལག་དངུལ་ཁང་གིས་དེ་ལྟ་བུའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་འཆར་འགོད་བྱས་ཏེ་བོད་སྐད་ཡིག་དང་རྒྱ་བོད་ཡིག་སྒྱུར་ལས་དོན་ཡག་པོ་སྤེལ་ནས་བོད་སྐད་ཡིག་གི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་རྣམས་ལ་སྟབས་བདེའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཡང་བཏོན་གནང་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...