སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྐབས་བཅུ་བའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་སྤེལ།
རྩོམ་པ་པོ། འབྲུག་བྱམས་རྒྱལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-17 17:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
        སྤྱི་ཟླ5ཚེས13ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྐབས་བཅུ་བའི་མཚན་ཉིད་པ་ཆུང་ཆུང་རྟགས་མའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ཞིང་། ཐེངས་འདིའི་འགྲན་བསྡུར་ལ་མཐོ་གཅིག་དང་མཐོ་གཉིས། མཐོ་གསུམ་བཅས་ཀྱི་འཛིན་གྲྭ48དང་། རྩོད་གླེང་བ་སློབ་གྲོགས50ལྷག་འགྲན་བསྡུར་ལ་ཞུགས་པ་དང་། འགྲན་བསྡུར་གྱི་དཔྱད་འདེམ་པར་མདོ་སྨད་དྷི་ཚ་དགོན་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བའི་བཤེས་ཆེན་མོ་རྡོ་རམས་པ་ལུང་རིགས་རྒྱ་མཚོ་ཚང་། སྤྲུལ་སྐུ་འོད་ཟེར་རྒྱ་མཚོ་ཚང་། གསེར་ཆེན་རྫོང་འཁྱམ་རུ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ་ཚང་དང་། དགོན་གསར་ཐེག་མཆོག་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ལུང་རིགས་རྒྱ་མཚོ་ཚང་། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་བསྡུས་གྲྭའི་དགེ་རྒན་དགེ་བཤེས་བསམ་གཏན་རྒྱ་མཚོ་ཚང་བཅས་གདན་ཞུ་བྱས་ཏེ་ཛ་དྲག་ཆེ་བའི་རྩོད་པའི་རྦ་རླབས་ཁྲོད་ནས་མཐོ་གཉིས་འཛིན་གྲྭ()དང་མཐོ་གཅིགའཛིན་གྲྭ༡༡སོགས་འཛིན་གྲྭ16ལ་ཐུན་མོང་གི་བྱ་དགའ་དང་། མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་གྲོགས་ཁོན་ཐར་རྒྱལ་དང་། མཐོ་གཅིག་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་གྲོགས་ཟོན་ཐར་མགོན་སོགས་སློབ་གྲོགས32ལ་མཚན་ཉིད་པ་ཆུང་ཆུང་དང་ཨང་དང་པོ་སོགས་ཀྱི་བྱ་དགའ་རིམ་པར་ཐོབ།
         ཐེངས་འདིའི་འགྲན་བསྡུར་སྟེང་སློབ་གྲྭས་དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་རིགས་པ་སྨྲ་བའི་གྲྭ་བཙུན་གཉིས་གདན་འདྲེན་ཞུས་ནས་སློབ་མ་རྣམས་དང་རིགས་པའི་བགྲོ་གླེང་གི་ཚུལ་དུ་རྩོད་པའི་ལས་བགྱིས་པ་དེས་སློབ་གྲོགས་ཡོངས་ལ་བོད་ཀྱི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ཤིག་སྟེ་བསྡུས་གྲྭ་ལས་རྟགས་གསལ་གཏོང་བའི་ཉམས། རང་ལུགས་འཇོག་པའི་ལུགས། གཞན་ལུགས་དགག་པའི་ཐབས། རྩོད་པ་སྤོང་བའི་ཚུལ་ལ་བློ་བསྐྱེད་མི་དམན་པ་ཐོབ་ཅིང་བསྡུས་གྲྭའི་རིགས་ལམ་འདི་སློབ་རར་རྐང་ཚུགས་པར་གྱུར་ནས་བསླབ་ཚན་གཞན་ལ་གཞོལ་བའི་གྲོགས་སུ་འགྱུར་བར་རྨང་གདིང་བའི་ནུས་པ་གལ་ཆེན་ཐོན་ཡོད།
          འགྲན་བསྡུར་མཇུག་བསྡུ་ལ་ཉེ་བའི་སྐབས་འདིར་སློབ་གཙོ་འཇིགས་མེད་རྡོ་རྗེ་ལགས་ཀྱིས་མཐོ་གསུམ་ཚན་སྐོར་གྱི་ཚད་མ་དགའ་མོས་འཛིན་གྲྭའི་སློབ་གྲོགས་ཡོངས་ལ་མཐར་ཕྱིན་འཛིན་ཡིག་གནང་པ་དང་། སྦྱིན་བདག་ཆེན་མོ་བསོད་ནམས་ཐུབ་བསྟན་ནམ་བསོད་ཐོ་ལགས་ཀྱིས་ཚད་མ་དགའ་མོས་འཛིན་གྲྭའི་སློབ་གྲོགས་ཚོར་མཐར་ཕྱིན་དཔང་ཡིག་དང་བྱ་དགའ་གནང་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...