སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-9 11:19:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།
     སྤྱི་ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་ཐེངས་དང་པོའི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཚོགས། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་སྒྲུབ་འགན་ཁུར་བ་དང་། བགྲོ་གླེང་ཚོགས་འདུའི་བརྗོད་སྙིང་ནི་ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི«ཕུལ་དུ་བྱུང་བའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་སྤེལ་དུ་གཏོང་བའི་བཟོ་སྐྲུན་སྐོར་གྱི་བསམ་འཆར་དངོས་འབེབས་བྱེད་དགོས»ཞེས་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ཏེ་བོད་ཡིག་གི་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་ཅི་ལྟར་བྱེད་དགོས་པའི་ཐད་གྲོས་བསྡུར་བྱས་ནས་ཕུལ་དུ་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་གོང་སྤེལ་གཏོང་རྒྱུ་དེ་རེད།
     རྒྱལ་ཡོངས་ཀྱི་ཐེངས་དང་པོའི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུའི་དུས་ཡུན་ཉིན་གཉིས་ཡིན་ལ། ཚོགས་ཐོག་ཏུ་པེ་ཅིང་དང་བོད་ལྗོངས། ཟི་ཁྲོན། ཀན་སུའུ། ལའོ་ཉིན། ནང་སོག མཚོ་སྔོན་བཅས་ཀྱི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་གླིང་། ཚན་རིག་ཞིབ་འཇུག་སའོ། དཔེ་རྙིང་དོ་དམ་སྡེ་ཁག་བཅས་དང་། དེ་མིན་བཀྲ་ཤིས་ལྷུན་པོ་དགོན་པ་སོགས་ནས་ཡོང་བའི་ཆེད་མཁས་པ་ལྔ་བཅུ་ལྷག་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་དང་སློབ་མ་ཉིས་བརྒྱ་སུམ་བཅུ་ལྷག་ཚོགས་འདུར་ཞུགས་ཤིང་། ཚོགས་འདུ་ཚོགས་པའི་ཉིན་གཉིས་ནང་ཆེད་མཁས་པ་ཉེར་གཅིག་ལྷག་གིས་གཏམ་བཤད་གནང་རྒྱུ་ཡིན་པ་མ་ཟད། ཚན་ཆུང་དགར་ནས་བགྲོ་གླེང་དང་བསམ་འཆར་བརྗེ་རེས་བྱ་རྒྱུ་རེད།
     ཚོགས་ཐོག་ཏུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞུང་ཝེ་ཡིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་དང་མཚོ་སྔོན་ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཙུང་ཧྲོའུ་གཉིས་ཀྱིས་གཏམ་བཤད་གནང་།
     ཚོགས་འདུ་ལས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་སྲུང་སྐྱོང་། ཞིབ་འཇུག་བཅས་ཀྱི་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ་དཔེ་རྙིང་གི་ལོ་རྒྱུས་རིན་ཐང་དང་ཡིག་ཚགས་རིན་ཐང་གཏིང་ཟབ་སྒོས་སྔོག་འདོན་བྱ་དགོས་པར་བསྟན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...