སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གཉིས་པའི་རྒྱ་དབྱིན་པར་མ་དཔར་འགྲེམས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-9 11:29:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།

     སྤྱི་ཟླ11པའི་ཚེས7ཉིན།  ཀྲུང་དབྱང་དྲིལ་སྒྲོག་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང)ཡིས་ཀྲུང་དབྱང་ཡིག་ཚགས་ཞིབ་འཇུག་ཁང་དང་ཀྲུང་དབྱང་ཕྱི་ཡིག་ཅུའུ་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གཉིས་པ། ཉེ་སྔོན་ཕྱི་ཡིག་དཔེ་བསྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་གཉིས་སུ་དཔར་བསྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་ལ་འགྲེམ་སྤེལ་བྱེད་འགོ་ཚུགས།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་འབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་རིགས་མཐུན་སྒྲིལ་གྱིས་སྣེ་ཁྲིད་དེ།   ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་བཅོས་བསྒྱུར་བྱུང་བར་སྐུལ་འདེད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བར་སླེབས། ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་བམ་པོ་གཉིས་པའི་ལག་ལེན་ཁྲོད་བློ་མཐུན་ཞི་ཅིན་ཕིང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་དུས་རབས་འཕེལ་རྒྱས་སོང་བ་དང་བསྟུན་ཏེ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་འདྲའི་རྒྱུན་འཁྱོངས་དང་འཕེལ་རྒྱས་བྱེད་པ། ཇི་འདྲ་ཞིག་གི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བྱེད་པའི་དུས་རབས་ཀྱི་གནད་དོན་གལ་ཆེན་ལ་ལན་བཏབ་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གསར་འཛུགས་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་བཙུགས་པ་དེ་ཏང་གི་ངེས་པར་ཏུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློ་རུ་བཟུང་སྟེ།  ཏང་གི་མཛུབ་སྟོན་བསམ་བློར་ཡང་བསྐྱར་ཐེངས་གཅིག་ལ་དུས་བསྟུན་ཡར་རྒྱས་མངོན་འགྱུར་བྱུང་།
     《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གཉིས་པའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་བཏང་བའི་རླབས་ཆེའི་ལག་ལེན་བྲིས་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློའི་འཕེལ་རྒྱས་དང་ནང་དོན་གལ་ཆེན་གཅིག་བསྡུས་ཀྱིས་བྲིས་པ་དང་།  ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་བློ་རིག་དང་ཀྲུང་གོའི་ཇུས་གཞི་མངོན་པར་བྱས་ཡོད་པས་འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གཏིང་ཟབ་ཀྱིས་སློབ་སྦྱོང་བྱེད་པའི་དབང་གྲགས་ལྡན་པའི་དཔེ་ཀློག་དེབ་ཅིག་རེད།
     《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གཉིས་པ་དཔར་བསྐྲུན་འགྲེམ་སྤེལ་བྱས་པ་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་གསར་བསྐྲུན་གཞུང་ལུགས་ལ་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པར་སྐུལ་འདེད་བྱས་ཡོད་ལ། དེང་རབས་ཀྱི་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྣང་བརྙན་སྔར་ལས་འགྲེམས་སྟོན་བྱ་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལམ་བུ་དང་འཕེལ་རྒྱས་འདུ་ཤེས། འཕེལ་རྒྱས་བྱེད་ཐབས་བཅས་ལ་ཁྱོན་ཡོངས་ནས་ཕྱི་རོལ་དང་མཐུན་པའི་སྒོ་ནས་ངོས་འཛིན་དང་རྒྱུས་ལོན་བྱེད་ཐུབ་རྒྱུར་འཁྲིད་སྟོན་བྱེད་པའི་ཐད་ལ་དོན་སྙིང་གལ་ཆེན་ལྡན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...