སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《བོད་ཇའི་རྣམ་བཤད》ཅེས་པའི་དེབ་གསར་འགྲེམ་སྤེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-10 11:36:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།


《བོད་ཇའི་རྣམ་བཤད》ཅེས་པའི་དེབ་གསར་འགྲེམ་སྤེལ་བྱས།


《བོད་ཇའི་རྣམ་བཤད》ཞེས་པའི་རྩོམ་པ་པོ་ལྟག་ཨོ་རྒྱན་ཆོས་འཕེལ།

     《བོད་ཇའི་རྣམ་བཤད》ནི་ལྟག་ཨོ་རྒྱན་ཆོས་འཕེལ་རིན་པོ་ཆེས་རྒྱ་ཡིག་གིས་བྲིས་པའི་བོད་ཇ་དང་འབྲེལ་ཡོད་ཀྱི་རྣམ་བཤད་དཔེ་ཆ་དང་པོ་ཡིན། སྤྱིར་ཇའི་རྣམ་བཤད་སྐོར་ལ་རྒྱ་ཡིག་གི་བསྟན་བཅོས་མང་ན་ཡང་། བོད་ཇ་ཁོ་ན་བཤད་པ་ནི་ཤིན་ཏུ་དཀོན་པ་ཡིན། ཇའི་བྱུང་བ་ནས་བོད་ཇ་བྱུང་བའི་འཕེལ་རྒྱས་དང་། དེ་བཞིན་དུ་བོད་ཇའི་རིག་གནས་བཅས་ཕྱོགས་ཡོངས་ནས་ལེགས་བསྒྲིགས་བྱས་ཡོད་པས། དེབ་འདི་ནི་འདུས་གྲུབ་ཀྱི་བརྩམས་ཆོས་ཆེན་མོ་ཞིག་ཀྱང་རེད་ཅེས་བཤད་ཆོག   ལྷག་པར་དུ་ཁོང་རང་དགེ་འདུན་པ་ཞིག་གི་ངོས་ནས་བོད་ཇ་བཤད་པའི་དམིགས་གསལ་གྱི་ལྟ་བ་འདིས་དཔེ་དེབ་དེའི་རིན་ཐང་མཚོན་པ་དང་། དེ་ནི་ང་ཚོ་སྤྱིར་བཏང་གི་ཞིབ་འཇུག་པ་ཞིག་གིས་བསྡུར་ཐབས་མེད་པ་ཞིག་རེད། དེབ་འདི་ལས་རྩོམ་གྱི་སྒྲིག་གཞི་དང་ས་བཅད་རེ་རེ་ལ་རྩོམ་པ་པོའི་བློ་རྒྱ་ཆེན་པོ་དང་ནང་དོན་ཟབ་མོ་ཡོད་པ་མཚོན་ཐུབ་པས། བརྩེ་སེམས་ཀྱིས་ཕྱུག་པའི་བརྩམས་ཆོས་ཤིག་དང་། རིག་གནས་ཀྱི་གདེང་ཚོད་ཡོད་པའི་སྤུས་དག་གི་བརྩམས་ཆོས་ཤིག་རེད།
     དེབ་འདི་ནི་ཇའི་བྱུང་བ་ནས་འགོ་བརྩམས་པ་དང་། ཇ་ལོ་ནི་ཐོག་མར་སྨན་གྱི་ནུས་པ་ཐོན་པའི་རྣམ་པའི་སྟེང་ནས་མེས་པོ་ཚོས་མཐོང་ཆེན་དང་དང་ལེན་བྱས་འགོ་ཚུགས་ཤིང་། ཇ་ལོ་ནི་རྒྱ་ནག་ནས་བྱུང་བ་དང་དེ་ནས་འདེབས་འཛུགས་གསོ་སྐྱོང་གི་དུས་རིམ་བརྒལ་བ་ཡིན་ལ། དུས་མཚུངས་སུ་ཇ་དང་ཇའི་རིག་གནས་ས་ཕྱོགས་ཀུན་ཏུ་ཁྱབ་སྟེ། འཛམ་གླིང་གི་ས་ཁུལ་མང་པོའི་བཟའ་བཏུང་རིག་གནས་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།
     ཇ་ནི་བོད་ཀྱིས་ལྷའི་བདུད་རྩི་ལྟ་བུར་འཛིན་པས་བཏུང་བྱའི་རིགས་སྣ་མང་བཟོས་པ་དང་། དེ་མིན་ཡུལ་ལྷ་གཞི་བདག་དང་དཀོན་མཆོག་གསུམ་ལ་མཆོད་འབུལ་བྱེད་པ། དགོན་པའི་ཆོས་ལུགས་ཀྱི་ཆོ་ག་སོ་སོར་ཡང་བོད་ཇ་སྤྱོད་བཞིན་ཡོད་པས། ངོ་མཚར་གྱི་བཏུང་བྱ་འདིར་ཐུན་མིན་གྱི་ཁྱད་ཆོས་ཕུན་སུམ་ཚོགས། རྩོམ་པ་པོས་གོ་བདེ་ལ་ཁ་གསལ་བའི་སྐད་ཆའི་ཉམས་འགྱུར་གྱི་ལམ་ནས་རྩོམ་འདིའི་ནང་དོན་གསལ་པོར་བརྗོད་ཡོད། དེར་བརྟེན་བོད་ཇའི་རིག་གནས་ལ་རྒྱུས་ལོན་པ་དང་བསྟུན་ནས་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་རིགས་རྣམས་ཀྱིས་གསོལ་ཇ་མཆོད་སྲོལ་གྱི་སྙིང་སྟོབས་རྟོགས་ཐུབ།
     གནའ་རབས་ཀྱི་དུས་སུ། ཇའི་དྲིན་གྱིས་གངས་ལྗོངས་བོད་མི་རྣམས་བདེ་ཞིང་སྐྱིད། དེ་ལྟར་དངོས་པོའི་ཆ་རྐྱེན་ཕུན་སུམ་ཚོགས་པའི་དེང་གི་དུས་འདིར། བོད་ཇ་ནི་མི་རྣམས་ཀྱི་སེམས་གསོའི་བཅུད་ལྟ་བུར་གྱུར་ཡོད།
     དེང་གི་བར་དུ། ཇ་ནག་ནི་བོད་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ནོར་བུ་རྩ་ཆེན་ཞིག་ཡིན། གལ་ཏེ་བོད་མི་རྣམས་ཀྱིས་ལོ་ངོ་སྟོང་གི་རིང་ལ་ཇ་འཐུང་བའི་སྲོལ་དེ་མེད་ན། ཇ་ནག་དེ་ལ་དོ་སྣང་དང་དཔྱད་བརྗོད་བྱེད་མཁན་མེད་པས་སྔ་མོ་ནས་དོར་ཟིན་པ་ཁོ་ཐག་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...