སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་བཙུགས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-27 11:16:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྤྱི་ཟླ11པའི་ཚེས26ཉིན། ལྷ་ས་གྲོང་ཁྱེར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བོད་ལྗོངས་རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་ཞིང་། འདིས་རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཁྱབ་སྤེལ་དང་རྒྱུན་འཛིན། རིག་གནས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་སྐུལ་བར་སྟེགས་བུ་བསྐྲུན།
     སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་། རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་གིས་བློ་འདྲི་ཡུལ11དང་དགེ་རྒན་ཆེན་མོ14གདན་འདྲེན་ཞུས་ཤིང་། ཁོ་ཚོ་ནི་ཡིག་གཟུགས་སློབ་གསོའི་སྐོར་ལས་གཉེར་བྱེད་པའི་དགེ་རྒན་ནམ། སྤྱི་ཚོགས་ལས་རིགས་སོ་སོའི་ཡིག་གཟུགས་མཁས་པ་ཡིན། མ་འོངས་པར་རིན་མེད་སྒོས་ཞིབ་འཇུག་ཁང་ལ་ཞབས་ཞུ་གནང་རྒྱུ་རེད།
     རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་གིས་ཡིག་གཟུགས་གྲོས་ཚོགས་དང་། རིག་གཞུང་བགྲོ་གླེང་། ཡིག་གཟུགས་འགྲེམ་སྟོན། སྒྱུ་རྩལ་གསོ་སྦྱོང་སོགས་སྤེལ་བར་བརྒྱུད། སྔར་ལས་མང་བའི་བོད་ལྗོངས་ཀྱི་དུས་རབས་གསར་བ་ངོམ་པའི་སྒྱུ་རྩལ་སྤུས་བཟང་བསྐྲུན་རྒྱུ་རེད།
     དེར་མ་ཟད། རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་གིས་རྗེས་ཕྱོགས་སུ་གཟའ་མཇུག་དང་དབྱར་གནང་། དགུན་གནང་སོགས་སུ་དུས་ལྟར་རིན་མེད་ཡིག་གཟུགས་གསོ་སྦྱོང་སྤེལ་རྒྱུ་དང་། སྐབས་དང་པོའི་རྒྱ་བོད་ཡིག་གཟུགས་གསོ་སྦྱོང་དེ་སྤྱི་ཟླ12པའི་ཟླ་དཀྱིལ་དུ་སྤེལ་རྒྱུ་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...