སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2018ལོའི་མཚོ་ནུབ་བོད་ཀྱི་དཔྱིད་གསར་སྤྲོ་ཚོགས་ཆེན་མོའི་བརྡ་སྦྱོར།
རྩོམ་པ་པོ། བསོད་རྡོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-4 10:51:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ཐེམ་ཆེན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་འགན་འཁུར་ཏེ་བསྒྲུབ་གྲབས་ཡོད་པའི2018ལོའི་མཚོ་ནུབ་བོད་ཀྱི་དཔྱིད་གསར་སྤྲོ་ཚོགས་ཆེན་མོ༼མཐོང་སྨོན་ཞིང་གི་མཚོ་ནུབ༽ཀྱི་གྲ་སྒྲིག་བྱ་བ་དང་རིག་རྩལ་བརྩམས་ཆོས་བསྡུ་བའི་བྱ་བ་དེ་རིང་ནས་བཟུང་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དངོས་སུ་འགོ་བརྩམས་པ་ཡིན།
     གཅིག  རིག་རྩལ་བརྩམས་ཆོས་ཀྱི་རིགས་དང་ནང་དོན་གྱི་སྐོར།
     རིག་རྩལ་བརྩམས་ཆོས་རིགས་ལ་བོད་ཀྱི་སྲོལ་རྒྱུན་དམངས་གླུ་དང་བཤད་པ། ཞབས་བྲོ། གླུ་གཞས། སྲོལ་རྒྱུན་ཟློས་གར། གར་ཆུང་། ཁ་ཤགས། སྒྲ་སྙན་རྡུང་ལེན། ཨ་རྩེད། བྱིས་པའི་ལེ་ཚན་བཅས་སུ་དགར་ཡོད་ལ། ནང་དོན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་ཕྱུག་ཅིང་ཡ་རབས་འཆམ་མཐུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་དང་ཡར་སྐུལ་གྱི་ནུས་པ་ཐོན་དགོས།
     གཉིས། བརྩམས་ཆོས་ལ་ཚང་དགོས་པའི་ཆ་རྐྱེན།
 ༡ བརྩམས་ཆོས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་དོན་སྙིང་དཀྱིལ་སྙིང་དུ་བཟུང་ནས་ཀྲུང་གོ་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་པ་དང་།མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ་གྱི་མཛའ་འབྲེལ་ལག་རྡང་འོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་འབོད་སྐུལ་བཏང་སྟེ་རིག་གནས་རང་སྤེལ་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ཞི་བདེ་འཕེལ་རྒྱས་ཀྱི་དུས་རབས་དང་བསྡོངས་ཏེ་བོད་ཁུལ་གྱི་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བརྗོད་བྱ་ཡིན་དགོས་ལ། མཚོ་ནུབ་ཁུལ་གྱི་རིགས་སོ་སོས་ཀྲུང་གོའི་འདུན་མ་མངོན་འགྱུར་ལ་ལག་རྗེས་སྔར་ལས་མི་དམན་པ་འཇོག་པར་སྐུལ་བསྟོད་ཀྱི་ནུས་པ་འདོན་དགོས།
༢ བརྩམས་ཆོས་ཡོད་ཚད་བོད་སྐད་བོད་ཡིག་གི་རང་བཞིན་ཅན་ཡིན་དགོས་ལ། གསར་རྩོམ་ཡིན་དགོས།
༣ ཁ་ཤགས་དང་སྲོལ་རྒྱུན་ཟློས་གར། གར་ཆུང་ཡིན་ན་ལེ་ཚན་གྱི་འཁྲབ་གཞུང་དང་བརྙན་རིས་བརྩམས་ཆོས་འདོན་སྤྲོད་བྱེད་དགོས།
༤ རིག་རྩལ་བརྩམས་ཆོས་ཀྱི་ལེ་ཚན་ཡོད་ཚད་DVDབརྙན་སྡེར་དངCDསྒྲ་སྡེར་དུ་ཕབ་ནས་ངེད་འཁྲབ་ཁྲིད་ཚོགས་པར་བསྐུར་ཆོག་ལ། MP4དངMPGབརྙན་རིས་དང་སྒྲ་དབྱངས་ལམ་ནས་འཁྲབ་ཁྲིད་པའི་ཡིག་ཟམ་དུ་བསྐུར་ཡང་ཆོག
༥ གླུ་གླུ་དབྱངས་ཀྱི་གཞས་ཚིག་དང་དབྱངས་རྩོམ་མཁན་བཅས་ཀྱི་གློག་རྡུལ་ཡིག་ཆ་བསྐུར་ཡོང་དགོས་ལ། འཁྲབ་སྟོན་པའི་མིང་དང་འཚོ་བའི་འདྲ་པར་གཅིག  འབྲེལ་གཏུག་ཁ་པར་བཅས་བསྐུར་ཡོང་དགོས།
༦ བརྩམས་ཆོས་ཀྱི་མ་ཡིག་རང་ཉིད་ཀྱིས་ཉར་ཚགས་བྱེད་དགོས་ལ།བརྩམས་ཆོས་གདམ་ཐོན་བྱུང་ཚེ་སྒེར་ལ་ཁ་པར་ལམ་ནས་འབྲེལ་གཏུག་བྱེད་རྒྱུ་ཡིན།
     གསུམ། བརྩམས་ཆོས་བསྡུ་བའི་དུས་ཚོད།
    
རིག་རྩལ་བརྩམས་ཆོས་ཡོད་ཚད་ཀྱི་བསྡུ་ཡུན་ནི་ལོ2017ལོའི་སྤྱི་ཟླ12པའི་ཚེས5ཉིན་ན་ཚེས20བར་ཡིན།
འབྲེལ་གཏུག་བྱེད་ཡུལ། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས། 海西广播电视台藏语节目中心(德令哈市长江路17号)
སྦྲག་ཨང་།(邮编):817099
ཡིག་ཟམ།(邮箱)308324493@QQ.com
འབྲེལ་གཏུག་པ།    དོན་འགྲུབ་ཚེ་རིང་།   ཁ་པར། 13709770687
འབྲེལ་གཏུག་པ།    བསོད་རྡོ།   ཁ་པར། 18297070257
འབྲེལ་གཏུག་པ།    ཟུར་ཚང་དབང་གྲགས།    ཁ་པར། 13007785656
མཚོ་ནུབ་ཁུལ་བོད་ཀྱི་ལོ་སར་དགོང་ཚོགས་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གིས།
སྤྱི་ལོ2017ལོའི་ཟླ12པའི་ཚེས4ཉིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...