སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནག་ཆུ་ས་གནས་སློབ་ཆུང་གི་སྐབས་དང་པོའི་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་ཞུ་བའི་བྱེད་སྒོ་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-4 11:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སོག་རུ་ཀརྨ་ཀུན་ཁྱབ་ཀྱིས་རང་གྲོལ་དང་འགྲེལ་བའི་གཏམ་བཤད་གནང་།

     སྤྱི་ཟླ༡༡པའི་ཚེས29ཉིན་གྱི་ཕྱི་དྲོར། ནག་ཆུ་ས་གནས་སློབ་ཆུང་གི་དབུ་ཁྲིད་རྣམས་ཀྱི་རྒྱབ་བསྐྱོར་དང་བོད་ཡིག་སློབ་དཔྱོད་ཁང་གི་བོད་ཡིག་དགེ་རྒན་ཡོངས། དེ་བཞིན་སློབ་མ་ཚོ་ཚ་ཚ་འུར་འུར་གྱིས་བྱེད་སྒོར་ཞུགས་པ་བརྒྱུད། བྱང་ཐང་ནག་ཆུའི་སློབ་གསོའི་ཐོག་སློབ་ཆུང་སློབ་གྲྭ་ཞིག་གི་རྩོམ་པ་པོ་རླབས་ཆེན་དཔལ་དོན་གྲུབ་རྒྱལ་ལམ་རང་གྲོལ་རྗེས་དྲན་བྱེད་སྒོ་སྤེལ་ཐེངས་དང་པོ་དེ་ནག་ཆུ་ས་གནས་སློབ་ཆུང་རུ་སྤེལ་བ་ཡིན།


དགེ་སློབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

     ད་ཐེངས་ཀྱི་བྱེད་སྒོ་དེ་ལས་སློབ་གྲྭའི་རིག་གནས་ཀྱི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་ཆེད་དང་དགེ་སློབ་ཡོངས་ནས་བོད་ཀྱི་སྐད་དང་ཡི་གེར་སྔར་བས་དགའ་ཞེན་ཆེར་གཏོང་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་བསྐྲུན་ཡོད། ཐེངས་འདིའི་རྗེས་དྲན་གྱི་བྱེད་སྒོའི་ནང་དུ་སློབ་གྲྭའི་དབུ་ཁྲིད་དང་དགེ་སློབ། དེ་བཞིན་ནག་ཆུའི་རྩོམ་པ་པོ་དང་ཤེས་ཡོན་ཅན་ཁ་ཤས་ཀྱང་ཞུགས་ཡོད།


སློབ་མའི་སྙན་ངག་གྱེར་འདོན།

     བྱེད་སྒོའི་གོ་རིམ་ནི་དུས་ཡུན་གཟའ་འཁོར་གཅིག་ནང་སློབ་མའི་ཡིག་གཟུགས་འགྲན་བསྡུར་དང་སློབ་མའི་རྩོམ་ཡིག་འགྲན་བསྡུར། དགེ་སློབ་ཀྱི་ཡིག་གཟུགས་ཕུལ་བྱུང་དང་རྩོམ་ཡིག་བར་འཁྱམས་ནང་དུ་འགྲེམས་སྟོན། དེ་བཞིན་དགེ་རྒན10ཡིས་སྙན་ངག་གྱེར་འདོན་དང་ལོ་རིམ་ལྔ་པའི་སློབ་མ10ཡིས་སྙན་ངག་གྱེར་འདོན་འགྲན་བསྡུར་བྱེད་ཡོད་པ། ལྷག་དོན་བོད་ལྗོངས་ནག་ཆུ་ས་གནས་སྲིད་གྲོས་ཀྱི་རྩོམ་པ་པོ་ཀ་རྨ་ཀུན་ཁྱབ་ལགས་ནས་དོན་གྲུབ་རྒྱལ་གྱི་མི་ཚེ་དང་རྩོམ་རིག་འབྲེལ་བའི་གཏམ་བཤད་གནང།


སློབ་མར་བྱ་དགའ་སྤྲོད་བཞིན་པ།

     ཐེངས་འདིའི་བྱེད་སྒོ་དེ་སྣ་མང་ཕུན་སུམ་ཚོགས་ལ་བྱེད་སྒོའི་བརྗོད་སྙིང་ཡང་ལེགས་པས་དགེ་སློབ་ཡོངས་ལ་ཤུགས་རྐྱེན་ལེགས་པོ་ཐེབས་ཡོད། ཕྱིན་ཆད་ཀྱང་དེ་ལྟ་བུའི་བྱེད་སྒོ་གང་མང་སྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཀྱང་ཡོད།


བྱེད་སྒོར་ཞུགས་མི་ཡོངས་ཀྱི་དྲན་རྟེན་འདྲ་པར།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...